འབྲས་སྤུངས་དགོན་དུ་རིག་གནས་སྲུང་སྐྱོང་ལྟེ་གནས་གལ་ཆེན་ཞིག་བཙུགས་པ།

W020220614560228985848.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། འབྲས་སྤུངས་དགོན་གྱི་དགའ་ལྡན་ཕོ་བྲང་གི་སྒོ་རའི་ནང་བོད་རང་སྐྱོང་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་ལྟེ་གནས་འབྲས་སྤུངས་དགོན་པའི་ཡན་ལག་འགྲེམས་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ་གཉེར་བ་དང་། དེ་ནི་དེའི་གོང་འབྲས་སྤུངས་དགོན་པའི་ཡན་ལག་དཔེ་མཛོད་ཁང་དང་འབྲས་སྤུངས་དགོན་དཔེ་རྙིང་ཁང་གཉིས་ཀྱི་སྒོ་བྱང་བཀལ་རྗེས་གནའ་བོའི་དགོན་རྙིང་འདིར་བསྩལ་བའི་ཐོབ་ཐང་གསར་པ་ཞིག་ཡིན།

དཔེ་རྙིང་ཁང་། དཔེ་མཛོད་ཁང་། གཟུགས་འདས་ཤུལ་བཞག་རིག་གནས་ཁང་བཅས་གཅིག་རྗེས་གཉིས་མཐུད་ངང་འཛུགས་སྐྲུན་བྱས་པ་དེས་ལོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་གནའ་བོའི་དགོན་པ་འདིར་གསོན་ཤུགས་གསར་པ་འཕེལ་ཡོད། 

སྒོ་བྱང་འགེལ་བའི་མཛད་སྒོའི་ཐོག་འབྲས་སྤུངས་དགོན་གྱི་རྩ་ཆེའི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་ཀྱི་མཉམ་འགུལ་འགྲེམས་སྟོན་བྱས་ཡོད་པ་མ་ཟད། ད་དུང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གླུ་གར་འཁྲབ་སྟོན་ཡང་ཡོད་དེ། ཕུན་སུམ་ཚོགས་པའི་མཚོན་ཐབས་སྣ་ཚོགས་ཀྱིས་བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་གང་སར་སྐད་གྲགས་ཆོད་པ་དང་སྤྱིར་བཏང་གི་མང་ཚོགས་ཁྲོད་དུའང་ཁྱབ་གདལ་བཏང་བ་ནི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་དོན་བསྐྱར་དུ་སྤེལ་བ་ཞིག་རེད། 

W020220614560228987013.jpg

དུས་ཡུན་རིང་པོའི་ཐོན་སྐྱེད་དང་འཚོ་བའི་ལག་ལེན་ཁྲོད། ཀྲུང་ཧྭའི་མི་རིགས་ཁག་རྒྱ་ཁྱབ་ཏུ་འགྲོ་འོང་དང་། བརྗེ་རེས། མཉམ་འདྲེས་བཅས་བྱས་པ་བརྒྱུད། བོད་ལྗོངས་ཀྱི་ལོ་རྒྱུས་རིག་གནས་ཀྱི་གསོག་འཇོག་ལ་བརྟེན་ནས་འབྲས་སྤུངས་དགོན་གྱི་དགེ་འདུན་པ་ཚོས་མེ་ཏོག་མཆོད་པ་དང་། དཀྱིལ་འཁོར་བཞེངས་ཚུལ། སྲོལ་རྒྱུན་གྱི་དཔེ་རྙིང་ཉམས་གསོའི་ལག་རྩལ་སོགས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་ཞིང་། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་གཞི་50ཙམ་སྟེ། གཟུགས་འདས་ཤུལ་བཞག་རིག་གནས་རྩ་ཆེན་འདི་དག་གིས་བོད་ལྗོངས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་གྱི་དཔང་པོ་བྱས་ཡོད། 

འབྲས་སྤུངས་དགོན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི་50ཙམ་གྱིས་གཅིག་སྡུད་ཐོག་བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་རྒྱུན་འཛིན་ཆུ་ཚད་ཉིན་བཞིན་ཇེ་ལེགས་སུ་སོང་བ་དང་། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་གྱི་མ་ལག་རིམ་བཞིན་འཐུས་སྒོ་ཇེ་ཚང་དུ་འགྲོ་བཞིན་པ་མཚོན་ཡོད།  དེ་ཡང་ལོ་རྒྱུས་ཀྱི་རིག་གནས་རྒྱུན་འཛིན་དང་། རིག་གནས་ཀྱི་བློ་སྤོབས་ཇེ་བརྟན་དུ་གཏོང་བ། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། གཟུགས་འདས་ཤུལ་བཞག་རིག་གནས་དེ་མིའི་རིགས་ཀྱི་བསམ་བློ་དང་བརྩེ་དུང་གི་འབྲེལ་ཐག་ལྟ་བུ་ཞིག་ཡིན་པའི་ཆ་ནས་ལོ་ངོ་སྟོང་ཕྲག་བརྒྱུད་ཡོད་ཅིང་། ཡུལ་དུས་བརྒལ་ནས་ལོ་རྒྱུས་བསྐྱར་མཇལ་གྱི་གོ་སྐབས་ཐོབ་པ་དང་། ཐོན་སྐྱེད་དང་འཚོ་བའི་ཁྲོད་ནས་གསར་གཏོད་ཀྱི་ནུས་པ་ཚད་མེད་བསྩལ་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།