བོད་ལྗོངས་ཀྱིས《ས་གནས་ཀྱི་དཔལ་འབྱོར་བརྟན་པོ་ཡོང་བ་བྱས་ནས་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དཀའ་ངལ་ཡོད་པའི་ལས་རིགས་དང་ཁེ་ལས་ཀྱི་དངུལ་རྩའི་ཞབས་ཞུ་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་དངུལ་ཁང་ལས་རིགས་དང་འགན་བཅོལ་ལས་རིགས་ལྟ་སྐུལ་དོ་དམ་ཅུས་ཀྱིས་དཔལ་འབྱོར་བརྟན་པོ་ཡོང་བའི་ལས་དོན་གྱི་འགན་འཁྲི་ཏན་ཏིག་བསྒྲུབས་ནས《ས་གནས་ཀྱི་དཔལ་འབྱོར་བརྟན་པོ་ཡོང་བ་བྱས་ནས་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་ལས་རིགས་དང་ཁེ་ལས་ཀྱི་དངུལ་རྩའི་ཞབས་ཞུ་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་པ་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་སྲིད་ཇུས་ཁག་38དང་ཀྲུང་གོ་དངུལ་ཁང་ལས་རིགས་དང་འགན་བཅོལ་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་དོན་འཁྱོལ་བྱེད་ཐབས་ཞིབ་ཕྲ་བཟོ་བ་དང་། ཡིད་རྟོན་དངུལ་བུན་གཏོང་གྲངས་མང་དུ་གཏོང་བ། དངུལ་རྩས་དཔལ་འབྱོར་བརྟན་པོ་ཡོང་རྒྱུར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱེད་ཐབས་ཁག་ལག་བསྟར་དོན་འཁྱོལ་ཏན་ཏིག་བཅས་བྱས་ཡོད་པ་རེད།

《བརྡ་ཐོའི》ནང་ཕྱོགས་གསུམ་ཐད་ཀྱི་ཞིབ་ཕྲའི་བྱེད་ཐབས་ཁག་26ཁ་གསལ་བཟོས་ནས་ཁོངས་གཏོགས་དངུལ་ཁང་འགན་བཅོལ་སྒྲིག་གཞིས་དཔྱད་ཞིབ་ལྕག་སྐུལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀུན་ཕན་དངུལ་རྩའི་ཞབས་ཞུར་ཤུགས་སྣོན་རྒྱག་པ། རིམས་ནད་ཀྱི་རྐྱེན་པས་གནས་སྐབས་དཀའ་ངལ་འཕྲད་པའི་ལས་རིགས་དང་ཁེ་ལས་སོགས་དངུལ་རྩའི་ཞབས་ཞུའི་གནད་ས་དང་། དཀའ་གནད། འགག་ས་སོགས་ལ་དམིགས་ཏེ་དངུལ་རྩའི་ཞབས་ཞུའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་མུ་མཐུད་ཆེ་རུ་གཏོང་དགོས། དངུལ་རྩའི་སྒྲིག་གཞིས་མ་སྐྱེད་འཇལ་སྤྲོད་དུས་འགྱངས་བྱེད་པར་ལྟ་སྐུལ་བྱེད་པ་དང་། མི་སྒེར་གྱི་དངུལ་བུན་འཇལ་བའི་བཀོད་སྒྲིག་འཐུས་སྒོ་ཚང་དུ་གཏོང་བ། འགན་བཅོལ་ཞུ་གྲོན་དུས་འགྱངས་ཀྱིས་བསྡུ་བ་བཅས་བྱས་ཏེ། ཁྲོན་བོད་ལྕགས་ལམ་དང་། ཡར་ཀླུང་གཙང་པོའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་སོགས་རྣམ་གྲངས་གལ་ཆེན་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྡོད་ཁང་དང་། བཟའ་བཏུང་། སིལ་ཚོང་སོགས་རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་ཕོག་པའི་ལས་རིགས་དང་། ཁེ་ལས། ཁེར་རྐྱང་བཟོ་ཚོང་དུད་ཚང་། ལས་ཞུགས་ཅུང་མང་བའི་ཁྲོམ་རའི་བྱེད་པོ་བཅས་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་དང་དེ་བཞིན་འགན་བཅོལ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།

《བརྡ་ཐོའི》ནང་རིམ་ཁག་ལྟ་འདོམས་སྡེ་ཚན་གྱིས་དངུལ་ཁང་འགན་བཅོལ་སྒྲིག་གཞིས་རིམས་ནད་ཀྱི་རྐྱེན་པས་གནས་སྐབས་དཀའ་ངལ་འཕྲད་པའི་ལས་རིགས་དང་ཁེ་ལས་སོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་དཔྱད་དཔོག་དང་ཞིབ་བཤེར་བྱས་ཏེ། བརྡ་ཁྱབ་དང་སྐོང་འདྲི་སོགས་ཀྱི་བྱེད་ཐབས་བརྒྱུད་འབྲེལ་ཡོད་སྒྲིག་གཞིས་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་མེད་པ་དང་ལག་བསྟར་དྲང་གཞག་བྱས་མེད་པ་སོགས་ཀྱི་གནད་དོན་ཡོ་བསྲང་བྱས་ནས་དཀའ་ངལ་འཕྲད་པའི་ལས་རིགས་དང་ཁེ་ལས་ཀྱི་དངུལ་རྩའི་ཞབས་ཞུའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་དགོས་པ་བཏོན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།