ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་ཀྱི་ལས་ཁུངས23དང་མི་སྒེར28ལ་རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020220621312561507952.jpg

པར་འདི་ནི་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས20ཉིན། བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་སྤྱི་བདེའི་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་གི་བྱས་རྗེས་བཞག་པའི་ཐུན་མོང་གི་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་པ་རེད། ཟླ5པའི་ཚེས25ཉིན། རྒྱལ་ཡོངས་སྤྱི་བདེའི་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་གི་བྱས་རྗེས་བཞག་པའི་ཐུན་མོང་གི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་བསྡུས་ཤིང་། བོད་རང་སྐྱོང་ལྗོངས་ཀྱི་སྔོན་ཐོན་ལས་ཁུངས23དང་སྔོན་ཐོན་མི་སྒེར28ལ་གཟེངས་བསྟོད་ཐོབ། 

བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་ཏང་ཨུའི་ཨུ་ཡོན་ནམ་ཐིང་ཀྲང་གཞོན་པའམ་རིམ་པ་དང་པོའི་སྐོར་ཞིབ་པ་ཁྲེན་ཧྲི་ཆུས་ཡིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པ་ལྟར་ན། གཟེངས་བསྟོད་ཚོགས་ཆེན་ཐོག་བོད་ལྗོངས་སུ་བསྡོམས་པས་ལས་ཁུངས1རྒྱལ་ཡོངས་ཀྱི་དཔེ་བཟང་སྤྱི་བདེའི་ལས་ཁུངས་སུ་བདམས་པ་དང་། ལས་ཁུངས3རྒྱལ་ཡོངས་ཀྱི་ཕུལ་བྱུང་སྤྱི་བདེ་ཅུའུ་ལ་བདམས་པ། ལས་ཁུངས11རྒྱལ་ཡོངས་ཀྱི་ཕུལ་བྱུང་སྤྱི་བདེའི་གཞི་རིམ་ལས་ཁུངས་སུ་བདམས་པ། མི་སྒེར16རྒྱལ་ཡོངས་ཀྱི་ཕུལ་བྱུང་མི་དམངས་ཉེན་རྟོག་པར་བདམས་པ། མི་སྒེར4རྒྱལ་ཡོངས་ཀྱི་དམིགས་བསལ་རིམ་པའི་ཕུལ་བྱུང་མི་དམངས་ཉེན་རྟོག་པར་བདམས་པ། ལས་ཁུངས8རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་དམངས་གཅེས་དཔེ་བཟང་ལས་ཁུངས་སུ་བདམས་པ། མི་སྒེར8རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་དམངས་གཅེས་དཔེ་བཟང་ཅན་དུ་བདམས་པ་བཅས་སོ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།