ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཅུན་ཀྲེང་གིས་རྒྱལ་ཡོངས་སྤྱི་བདེའི་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་དང་བྱས་རྗེས་འཇོག་མཁན་མཉམ་སྡེབ་ཀྱི་བོད་ལྗོངས་ཀྱི་འཐུས་མིར་མཇལ་འཕྲད་གནང་།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

14fd0628-db28-4812-bbae-ccf836d6938e.jpg

ཟླ་6ཚེས་17ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་རྒྱལ་ཡོངས་སྤྱི་བདེའི་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་དང་བྱས་རྗེས་འཇོག་མཁན་མཉམ་སྡེབ་ཀྱི་བོད་ལྗོངས་ཀྱི་འཐུས་མིར་མཇལ་འཕྲད་གནང་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས17ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་རྒྱལ་ཡོངས་སྤྱི་བདེའི་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་དང་བྱས་རྗེས་འཇོག་མཁན་མཉམ་སྡེབ་ཀྱི་བོད་ལྗོངས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ་རེད།

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཐོབ་པའི་མཉམ་སྡེབ་དང་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་འབྲེལ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་ཞིང་། ཁོང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་བདེའི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་ནས་དུས་རབས་གསར་པའི་སྤྱི་བདེའི་ལས་དོན་ལ་ཤུགས་སྣོན་རྒྱག་པའི་སྐོར་ལ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་མ་ཟད། ཉིན་ཤས་གོང་སླར་ཡང་རྒྱལ་ཡོངས་སྤྱི་བདེ་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་བར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་འདི་ནི། རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པར་སྐུལ་ལྕག་ཆེན་པོ་གནང་བ་ཞིག་རེད། གཟེངས་བསྟོད་ཐོབ་པའི་མཉམ་སྡེབ་དང་མི་སྒེར་གྱིས་མཚན་སྙན་ལ་གཅེས་སྤྲས་དང་རང་གཤིས་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་སྐུལ་ལྕག་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོར་གྱུར་པར་བྱས་ནས། རྒྱང་ལམ་གསར་པར་སླར་ཡང་གྲུབ་འབྲས་བཟང་པོ་གཏོད་པ་དང་བྱས་རྗེས་གསར་པ་འཇོག་པའི་རེ་བ་ཡོད།

ཝང་ཅུན་ཀྲེང་གིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་འཛིན་དྲང་གཞག སྒྲིག་ཁྲིམས་ནན་པོ་བཅས་ཀྱི་སྤྱིའི་བླང་བྱ་ལག་ལེན་རྣམ་དག་བསྟར་བ་དང་། ཡུལ་ཕྱོགས་གཅིག་གི་དུས་བདེ་འགན་ལེན་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ། ཞུམ་མེད་འབད་འཐབ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་བྱས་ནས། བདེ་འཇགས་སྲུང་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་གལ་ཆེན་རབ་དང་རིམ་པ་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ཏེ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་སྲུང་སྐྱོང་བཅས་བྱེད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། རང་ལྗོངས་ཀྱི་སྤྱི་བདེ་དཔུང་ཁག་ནི་དཔའ་བོ་རིམ་བྱོན་དང་སྤྱོད་གཙང་གཞུང་དྲང་གི་དཔུང་ཁག་ཅིག་ཡིན་པ་དང་། ཏང་དང་མི་དམངས་ཀྱིས་བློས་འགེལ་རྦད་དེ་རུང་བ་དང་དམག་འཐབ་ནུས་པ་ཆེན་པོ་ལྡན་པའི་དཔུང་ཁག་ཅིག་ཡིན་པ་ལག་ལེན་ལས་ར་སྤྲོད་གང་ལེགས་ཐུབ་ཡོད།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་པའི་ལོ་ཡིན་པས། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པའི་ལས་འགན་ལྕི་ལ་འགན་འཁྲི་གཟི་བརྗིད་ལྡན་པ་ཞིག་རེད། ལྗོངས་ཡོངས་ཀྱི་སྤྱི་བདེ་ཁོངས་གཏོགས་དང་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་པ་འཛུགས་སྐྱོང་མཐའ་འཁྱོངས་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཏང་གིས་སྤྱི་བདེའི་ལས་དོན་ལ་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས་བཅས་བྱས་ཏེ། ཏང་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་ནམ་ཡང་གནས་པར་བྱེད་དགོས།

རང་འགན་གཙང་སྒྲུབ་དང་། རང་འགན་ཐེག་པ་ཁུར་ལེན། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ། བརྟན་ལྷིང་སྲུང་སྐྱོང་ལས་འགན་ཨང་དང་པོར་མཐའ་འཁྱོངས་བརྩི་བ། སེམས་ཁྲལ་གྱི་འདུ་ཤེས་དང་མཐའ་ཚད་ཀྱི་བསམ་གཞི་ཟབ་ཏུ་གཏོང་བ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། རྒྱུན་ཆད་མེད་པར་ལམ་སྲོལ་གསར་པ་འཚོལ་ཞིབ། ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་རྟེན་པ། རྒྱུན་གཏན་དང་གཞི་རིམ་དུ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་སྒྲུབ་པ་བཅས་བྱས་ནས། རྒྱལ་ཡོངས་ཀྱི་བདེ་འཇགས་དང་བརྟན་ལྷིང་ལ་བོད་ཀྱི་ལེགས་སྐྱེས་འབུལ་དགོས།

མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། སྤྱི་བདེའི་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ། སྤྱི་བདེའི་སྲིད་དོན་ཞབས་འདེགས་ཚད་གཞི་ཅན་དང་། ཚད་ལྡན་ཅན། དམངས་ཕན་ཅན་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན། ནག་གཤེད་དང་འབྲེལ་བ་ཡོད་པ་དང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས། འཆལ་རྒྱན་དུག་གསུམ། རྐུ་འཕྲོག་བསླུ་གསུམ་སོགས་མི་དམངས་མང་ཚོགས་ལ་བསམ་འཆར་ཆེན་པོ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་གཞོགས་འདེགས་ཡག་པོ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་གི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་དགོས། ཁྲིམས་སྐྱོང་གི་བསམ་གཞི་བརྟན་པོ་འཛུགས་པ་དང་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ། ཁྲིམས་འཛིན་ཚད་ལྡན་ཅན་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། ནན་པོ་དང་། ཚད་ལྡན། དྲང་གཞག ཡ་རབས་བཅས་ཀྱི་སྒོ་ནས་ཁྲིམས་འཛིན་བྱེད་པ། སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་བསྟར་ཁྲིམས་འཛིན་ལ་སྤྱི་མོས་ཐོབ་ཤུགས་ཆེ་རུ་ཏན་ཏིག་གཏོང་དགོས། གྱོད་གཞི་རེ་རེ་བཞིན་ཐག་གཅོད་དང་དོན་དག་རེ་རེ་བཞིན་ཐག་གཅོད་བྱེད་རིང་མི་དམངས་མང་ཚོགས་ལ་དྲང་གཞག་དྲང་བདེན་ཚོར་བར་བྱེད་དགོས།

སྤྱི་བདེའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྤྱི་བདེའི་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ། རླབས་ཆེན་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དང་། སྤྱི་བདེའི་དཔའ་བོ་དཔེ་བཟང་གི་སྙིང་སྟོབས། “ལམ་གཉིས”ཀྱི་སྙིང་སྟོབས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་བཅས་དར་སྤེལ་བཏང་སྟེ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་སྤྱི་བདེའི་དམག་ཧྲག་ཅིག་ཧུར་ཐག་གཏོད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།