ཉིང་ཁྲི་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ་ཐེར་འདོན་ཞུ་གཏུག་ཐག་གཅོད་བྱེད་པའི་སྤུས་ཚད་དང་ཕན་འབྲས་ཇེ་ལེགས་སུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་འགན་ནུས་དང་འགན་འཁྲིར་གཞི་ཚུགས་ཏེ། “གཅིག་གྱུར་ནང་འདྲེན་དང་། ཕྱིར་གཏོང་ཚད་ལྡན། རིགས་ཁོངས་གཅིག་སྒྲིལ་ནན་པ། དུས་ཐོག་ཏུ་ཚུར་ལན་བྱེད་པ”བཅས་ཀྱི་བླང་བྱ་ལྟར། ཐེར་འདོན་ཞུ་གཏུག་བརྒྱབ་རིགས་འབེབས་འཇུག་དང་། བརྒྱུད་སྤྲོད། ཐག་གཅོད། ཚུར་ལན་བཅས་ཀྱི་ལས་དོན་ནན་ཏན་བསྒྲུབས་པ་དང་། ཡིག་འབུལ་ཞུ་བཅར་དང་ཐེར་འདོན་གྱི་ལས་དོན་ཞིབ་ཚགས་སྤེལ་བ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དུས་ཐོག་ཏུ་དོ་ཁུར་བྱས་ཡོད།

“ཉིང་ཁྲིའི་སྒྲིག་བཤེར་ལྟ་ཞིབ”ཀྱི་སྐད་འཕྲིན་སྤྱི་རྟགས་དང་གསར་འགྱུར་སྨྱན་སྦྱོར་གྱིས། སྒྲིག་བཤེར་ལྟ་ཞིབ་ལ་ཐེར་འདོན་ཞུ་གཏུག་རྒྱག་སྐབས་ངེས་པར་དུ་ཤེས་དགོས་རིགས་ཁྱབ་བསྒྲགས་བྱས་པ་དང་། གྲོང་ཁྱེར་དེའི་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ངོ་བཅར་སྣེ་ལེན་ཚོམས་ཆེན་དུ་བོད་རྒྱ་ཡིག་རིགས་གཉིས་ནས་སྒྲིག་བཤེར་ལྟ་ཞིབ་ལ་ཐེར་འདོན་དང་ཞུ་གཏུག་རྒྱག་ལམ་དང་། ཁྱབ་ཁོངས། དབང་ཆ་དང་འོས་འགན་བཅས་རྒྱུན་མི་ཆད་པར་སྟོན་པ། ཆེད་སྤྱོད་ཡིག་སྒམ་64བཙུགས་པ། སྤྱི་ཚོགས་ལ་ཐེར་འདོན་ཞུ་གཏུག་རྒྱག་སའི་ས་མིང་དང་ཐེར་འདོན་ཁ་པར་ཨང་གྲངས་ཁྱབ་བསྒྲགས་བྱས་པ་ལ་སོགས། ཉིང་ཁྲི་གྲོང་ཁྱེར་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཕྱོགས་མང་པོ་བརྒྱུད་དྲིལ་བསྒྲགས་བྱས་ཤིང་། མང་ཚོགས་དང་འབྲེལ་གཏུག་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། མང་ཚོགས་ཀྱིས་སྒྲིག་བཤེར་ལྟ་ཞིབ་ལ་ཐེར་འདོན་ཞུ་གཏུག་རྒྱག་སྐབས་ཀྱི་འབྲེལ་ཡོད་ཤེས་བྱ་ཤེས་རྟོགས་གཏིང་ཟབ་ཐུབ་པར་བྱས་པ་དང་། མང་ཚོགས་ལ་སྒྲིག་སྲོལ་དང་། སྒྲིག་ཁྲིམས། བཅའ་ཁྲིམས་བཅས་གཞིར་བཟུང་ཇི་མ་ཇི་བཞིན་དུ་ཐེར་འདོན་བྱེད་དགོས་པའི་ཁྲིད་སྟོན་བྱས་ནས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྒྱ་ཆེའི་མང་ཚོགས་བར་ལ“སེམས་འབྲེལ་ཟམ་པ”ཞིག་བསྐྲུན་ཡོད།

གཞི་རིམ་མང་ཚོགས་ཀྱིས་ཐེར་འདོན་ཞུ་གཏུག་རྒྱག་རིམ་གསལ་པོ་མི་ཤེས་པ་དང་ཐེར་འདོན་བྱེད་སྐབས་སྟབས་བདེ་པོ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཉིང་ཁྲི་གྲོང་ཁྱེར་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བརྗོད་དོན་གཙོ་བོའི་ཉིན་མོའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཉིང་ཁྲི་གྲོང་ཁྱེར་ཡིག་འབུལ་ཞུ་བཅར་ཅུས་དང་མཉམ་དུ“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ། སྒྲིག་ཨུད་ཕྱོགས་ནས་འདྲི་བ་འདོན་རོགས”ཞེས་པའི་ཐང་ཆེན་ངོ་བཅར་སྣེ་ལེན་བྱེད་སྒོར་ཞུགས་ནས“ཡིག་འབུལ་ཞུ་བཅར་ཐད་གཏོང་རླངས་འཁོར”གཞི་རིམ་དུ་ཤར་གཏོང་ཐུབ་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ཡིག་འབུལ་ཞུ་བཅར་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར། ཐེར་འདོན་ཞུ་གཏུག་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཨུ་ལྷན་ལས་ཁུངས་ཀྱི་པུའུ་ཁང་དང་མངགས་སྡོད་མངགས་གཏོང་སྒྲིག་གཞི་ཚན་པར་བྱས་པའི་ངོ་བཅར་བར་རེས་མོས་སྣེ་ལེན་གྱི་ལས་དོན་སྤེལ་སྟངས་འཚོལ་ཞིབ་ཀྱིས་ལག་བསྟར་བྱས་ཤིང་། ཟླ་1པོ་ནས་3པ་བར་མི་ཐེངས་15ལ་རེས་མོས་སྣེ་ལེན་ཞུས་པ་དང་། མང་ཚོགས་ལ་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་ཐེངས་10བྱས་པ། ཐེར་འདོན་ཞུ་གཏུག་8བདག་སྤྲོད་བྱས་པ། སྒོ་ཕྱེ་ནས་བསུ་བ་དང་རེས་མོས་ཀྱིས་སྣེ་ལེན་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་མང་ཚོགས་ལ་ཐེར་འདོན་ཞུ་གཏུག་རྒྱག་ལམ་སྔར་བས་ཤར་བགྲོད་ཐུབ་པར་བྱས་ཡོད།

“ཐེར་འདོན་ཞུ་གཏུག་ཚང་མ་ལས་མང་ཚོགས་ཀྱིས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་རེ་སྒུག་ཆེན་པོ་དང་ཡིད་ཆེས་ཆེན་པོ་བྱེད་པ་མཚོན་གྱི་ཡོད། ང་ཚོས་ངོ་བཅར་བྱེད་མཁན་མང་ཚོགས་ལ་ལྷག་བསམ་རྣམ་དག་གིས་ཐབས་ཤེས་འདོན་རོགས་དང་ཐབས་ལམ་འཚོལ་རོགས་བྱས་ཚེ། གཞི་ནས་ཐེར་འདོན་ཞུ་གཏུག་གི་ལས་ཀ་མང་ཚོགས་ཀྱི་སེམས་ལ་ཟུག་པ་ཞིག་བྱེད་ཐུབ”ཅེས་ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་བཤད། ད་ལོའི་ཟླ་1པོ་ནས་3པ་བར་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མང་ཚོགས་ཀྱི་ཐེར་འདོན་ཞུ་གཏུག་རིགས་ཀྱི་ཡིག་འབུལ་ཞུ་བཅར་གྱིས་ཐེར་འདོན་བྱས་གྲངས་ཁྱོན་61བདག་སྤྲོད་བྱས་པ་དང་། གནད་དོན་གྱི་ཁུངས་སྣེ་420ཐག་གཅོད་བྱས་པ། ལྟ་སྐུལ་སྒྲིག་བསྟར་གྱི“རྣམ་པ་རིགས་དང་པོར”བརྟེན་ནས་སྐྱོན་བརྗོད་དང་། སློབ་གསོ། རོགས་རམ་བཅས་ཐེངས་84བྱས་པ་དང་གྱོད་དོན་159ཐོར་བཀོད་པ་རེད།

ཐེར་འདོན་ཞུ་གཏུག་བརྒྱབ་རིགས“ཚང་མ་རྩད་ཆོད་པ་དང་ཚང་མར་བརྡ་ལན་ཡོད་པ”བྱེད་དགོས་པའི་ལས་དོན་གྱི་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་ཆེད། ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ཁ་པར་ནས་སྒྲུབ་སྐུལ་དང་། དྲ་ཐོག་ནས་སྒྲུབ་སྐུལ། ཡིག་ཐོག་ནས་སྒྲུབ་སྐུལ་སོགས་ཀྱི་བྱ་ཐབས་སྤྱད་དེ། སྒྲུབ་གཉེར་བྱས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱས་ནས་སྒྲུབ་སྐུལ་བྱས་པ་དང་། སྒྲུབ་གཉེར་ཚན་པས་དུས་བཀག་ལྟར་སྒྲུབ་གཉེར་བྱས་འབྲས་མིང་འགོད་ཐེར་འདོན་བྱེད་མཁན་ལ་ཚུར་ལན་སྤྲོད་མིན་ཟུར་བཤེར་དང་ལྟ་སྐུལ་བྱས་ནས་སྒྲུབ་གཉེར་གྱི་སྤུས་ཚད་མཐོ་རུ་བཏང་ཡོད།

“ལས་སྒོའི་ཁྱབ་ཁོངས་སུ་མ་ཚུད་པའི་ཡིག་འབུལ་ཞུ་་བཅར་གྱིས་ཐེར་འདོན་བྱས་རིགས། ང་ཚོས་ངེས་པར་དུ་ངང་རྒྱུད་རིང་ལ་ཞིབ་ཚགས་པོའི་སྒོ་ནས་བསམ་བློ་གསེད་དཀྲོལ་དང་སྲིད་ཇུས་དྲིལ་བསྒྲགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། མང་ཚོགས་ལ་ཐག་གཅོད་བྱེད་དབང་ཡོད་པའི་ལས་ཁུངས་ལ་སྙན་སེང་ཞུ་དགོས་པའི་ཁྲིད་སྟོན་བྱས་ནས་མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བར་བྱེད་དགོས”ཞེས་ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།