ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

འཚོ་སྡོད་རུང་བའི་ཞིང་གྲོང་གི་རྣམ་པ་གསར་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— སོག་རྫོང་གིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་མཐོང་ཐོས།

སོག་ཆུའི་འགྲམ་དུ་འཆམ་འཆམ་དུ་སྐྱོད་སྐབས་བསིལ་རླུང་དལ་བུར་ལྡང་བ་དང་མིག་གིས་མཐོང་སར་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་བཀོད་སྒྲིག་སྡོད་ཁང་སྟར་པ་དང་སྟར་པ་བྱས་ནས་ཡོད་པ་དང་། ཁོད་སྙོམས་པའི་མཁྲེགས་འགྱུར་ལམ་བུས་ཕྱོགས་བཞི་མཚམས་བརྒྱད་འབྲེལ་བ། ལས་བྲེལ་ཆེ་བའི་ཐོན་ལས་འཁོར་ཁང་ཚང་མ་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་བཞིན་མཆིས། དུས་ཐུང་ལོ་ཤས་ནང་སོག་རྫོང་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ་གང་ས་ནས་གྲོང་གསེབ་དར་རྒྱས་ཕྱིན་པ་ལས་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་མྱོང་ཚོར་ཐུབ་ཀྱི་འདུག

སྡོད་སའི་ཁོར་ཡུག་འཚོ་སྡོད་ལ་དེ་བས་འཚམ་པ།

གྲོང་གསེབ་དར་རྒྱས་གཏོང་བར་སྔོན་ལ་ལམ་བཟོ་དགོས། ཉེ་བའི་ལོ་ཤས་རིང་སོག་རྫོང་གིས“ཡག་པོ་བཞིའི་གྲོང་གསེབ་ལམ་བུ”བསྐྲུན་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ་གྲོང་ཚོའི་ཁོར་ཡུག་ལེགས་སུ་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་རོགས་བྱེད་པའི“སྔོན་ཇུས”ཅིག་ཏུ་བརྩིས་ནས་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་ནུས་ཤུགས་ཡོད་རྒུས་བསལ་བ་རེད། མིག་སྔའི་བར་སོག་རྫོང་གི་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོའི་གཞུང་ལམ་ཤར་གཏོང་ཐུབ་ཚད་100%ཟིན་པ་དང་། ས་ཚིགས་95ཡི་འགྲོ་ལམ་གྱི་ཚེ་སྲོག་བདེ་འཇགས་འགོག་སྲུང་རྣམ་གྲངས་ཚང་མ་ལེགས་སྒྲུབ་ཟིན་པ་མ་ཟད། ཤང་དང་གྲོང་རྡལ་6གི་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལམ་ཐིག་ཀྱང་ཤར་གཏོང་ཐུབ་ཡོད་པ་རེད།

དེ་དང་འདྲ་བར་སྐྱེ་ཁམས་ཁོར་ཡུག་ཡག་པོ་ནི་མི་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པ་རེད།

གཡག་ལ་གྲོང་རྡལ་གཡང་ངེ་སྟེང་གྲོང་ཚོས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག”པའི་འདུ་ཤེས་བརྟན་པོ་བཙུགས་ནས་ཆུ་དཔོན་ལམ་ལུགས་ཀྱི་ལས་འགན་ཁག་དོན་འཁྱོལ་ནན་པོ་བྱས་ཏེ་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་སྐྱེ་ཁམས་ལས་གནས་ཁག་གི་མ་དངུལ་དུས་ཐོག་ཏུ་དོན་འཁྱོལ་ཐུབ་པ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི“མཐའ་མའི་འགག་གནད”དོན་འཁྱོལ་ཐུབ་པ་བྱས་ནས་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་རང་འགུལ་རང་བཞིན་དང་ཧུར་སེམས་ཆེ་རུ་བཏང་སྟེ་གྲོང་གསེབ་ཀྱི་སྐྱེ་ཁམས་དར་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།

གཙང་འགྱུར་དང་། སྔོ་འགྱུར། མཛེས་བཟོ་བཅས་བྱས་པ་བརྒྱུད་གཡང་ངེ་སྟེང་གྲོང་ཚོའི་གྲོང་མིའི་ཁང་པའི་རྒྱབ་མདུན་གང་སར་གཙང་སྦྲ་དོད་པ་དང་། གྲོང་ཚོར་ཤར་གཏོང་ཐུབ་པའི་ལམ་བུ་ཁོད་སྙོམས་པ། མཁའ་རླུང་དྭངས་ཤིང་གཙང་ལ་འཚོ་སྡོད་ལ་འཚམ་པ། གྲོང་ཚོའི་རྣམ་པ་གསར་རྐྱང་བཅས་སུ་གྱུར་ཡོད།

“ད་ཆ་ང་ཚོས་དགོང་ཟས་བཟས་རྗེས་གྲོང་ཚོའི་གང་སར་བསྐྱོད་པ་དང་སྐབས་རེ་ད་དུང་སྤྱི་པའི་ལུས་སྦྱོང་ཡོ་བྱད་ཐོག་སྦྱོང་བརྡར་བྱེད་ཀྱི་ཡོད་པས་མིའི་སྐྱེ་སྟོབས་འཕེལ་བ་དང་གཟུགས་པོ་སྔར་བས་ཐང་དུ་ཕྱིན་ཡོད”ཅེས་གཡང་ངེ་སྟེང་གྲོང་ཚོའི་གྲོང་མི་མེ་དགས་བཤད།

ཉེ་བའི་ལོ་ཤས་རིང་སོག་རྫོང་གིས་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་པོའི་སྒོ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཆེན་པོ་དང་། ཁྱབ་རྒྱ་ཆེ་བ། སྤུས་ཚད་མཐོར་གཏོང་བཅས་ལ་སྐུལ་འདེད་བཏང་བས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ལ“ལོ་རེ་བཞིན་རྣམ་པ་གསར་པ་དང་འགྱུར་ལྡོག་ཕྱིན་པ་མ་ཟད་ལོ་ལྔ་རེར་འགྱུར་ལྡོག་ཆེན་པོ་རེ་འགྲོ་གི་ཡོད”མིག་སྔའི་བར་རྫོང་ཡོངས་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་74.9བཏང་སྟེ་རྣམ་གྲངས་452ལག་ལེན་བསྟར་ནས་མི་སེར་གྱི་ཟས་གོས་སྡོད་གསུམ་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ཞབས་ཞུ་འགན་ལེན་གྱི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་བ་དང་། ཁྱོན་ཤིང་འཛུགས་ནགས་བཟོ་མུའུ་7447.25བྱས་པ་དང་། སྡོང་ཕྲུག་ཁྲི་52.15བཏབ་ནས་གསོན་ཚད་70%ཡན་ཟིན་པ། གྲོང་ཚོ་དང་དུད་ཚང་ཚང་མར་ལྗོན་ཤིང་ཡོད་པར་བྱས་པ། དུད་ཚང་465ཡི་གསང་སྤྱོད་སྒྱུར་བཀོད་ལེགས་སྒྲུབ་བྱས་པས། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད།

གྲོང་གསེབ་ལ་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱས་པ།

གྲོང་གསེབ་དར་རྒྱས་གཏོང་བའི་འགག་རྩ་མིར་ཐུག་ཡོད། གྲོང་གསེབ་འཕེལ་རྒྱས་གཏོང་བར་མཐར་གཏུགས་ནས་བཤད་ན་ཤེས་ལྡན་མི་སྣའི་སྟོབས་ཤུགས་ལ་བརྟེན་དགོས།

“རིན་ཆེན་གསེར་དངུལ་ཡོད་པ་ལས་ལག་རྩལ་སྣ་གཅིག་ཤེས་ན་དགའ”ཞེས་པ་དེའི་ཐད་རྒྱལ་ཆེན་ཤང་གི་ཞིང་འབྲོག་པ་འོད་བསྟན་ལ་མྱོང་ཚོར་ཟབ་མོ་ཡོད།

རིག་གནས་ཆུ་ཚད་དམའ་བའི་དབང་གིས་ལག་རྩལ་གང་ཡང་མ་ཤེས་སྟབས་ཁྱིམ་ཚང་གི་དཔལ་འབྱོར་ཡོང་འབབ་ཧ་ཅང་དམའ་པོ་ཡོད། ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་ཆེད། 2021ལོར་འོད་བསྟན་སོག་རྫོང་གིས་གཉེར་བའི་གྱོན་ཆས་འཚེམ་བཟོའི་གསོ་སྦྱོང་ལ་ཞུགས་པ་དང་ལག་རྩལ་ཤེས་རྗེས་རྒྱལ་ཆེན་ཤང་དུ་འཚེམ་བཟོ་དང་དངོས་ཟོག་རྩག་རྩིག་ཁང་གཅིག་ལྕོགས་ཤིག་བཙུགས། ད་ཆ་འོད་བསྟན་ཁྱིམ་ལ་ཟླ་རེར་ཡོང་འབབ་སྒོར་24000ཙམ་ཡོད། འོད་བསྟན་གྱིས“ད་ཆ་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་གི་འདུག་པས་ངས་མུ་མཐུད་འབད་བརྩོན་བྱེད་ཀྱི་ཡིན”ཞེས་བཤད།

སོག་རྫོང་དུ་འོད་བསྟན་ལྟ་བུའི་གསོ་སྦྱོང་ལ་ཞུགས་རྗེས་རང་བརྟེན་ལས་གཏོད་བྱེད་མཁན་མང་ཚོགས་ད་དུང་མང་པོ་ཡོད་པ་དང་ཏང་གི་སྲིད་ཇུས་བཟང་པོར་བརྟེན་པ་དང་བསམ་བློར་འགྱུར་ལྡོག་བཏང་སྟེ། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་རྒྱུ་ནི་སོག་རྫོང་མང་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་ཞིག་རེད།

ཞིང་འབྲོག་པའི་ལས་ཞུགས་རྩལ་ནུས་སྔར་བས་ཆེ་རུ་བཏང་ནས་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ་དང་འབབ་འཕར་ཡོང་བ་བྱ་ཆེད། ཉེ་བའི་ལོ་ཤས་རིང་སོག་རྫོང་མི་སྤྱི་ཅུས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སོག་བདེ་ལས་རིགས་རྩལ་ནུས་སློབ་གྲྭར་ཞིང་འབྲོག་པའི་ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་མཐོར་གཏོང་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་ཁ་ཤས་གཉེར་ནས་ཞིང་འབྲོག་པའི་ལས་ཞུགས་འཇོན་ཐང་ཆེ་རུ་ཏན་ཏིག་བཏང་ཡོད།

བསྡོམས་རྩིས་ལ་གཞིགས་ན། 2020ལོ་ནས་བཟུང་སོག་རྫོང་གིས་རྐོ་འདྲུའི་འཕྲུལ་འཁོར་བཀོལ་སྤྱོད་པའི་གསོ་སྦྱོང་འཛིན་གྲྭ་ཐེངས་4གཉེར་བར་མི་186་ཞུགས་པ་དང་། ལྡུག་འཁོར་བཀོལ་སྤྱོད་པའི་གསོ་སྦྱོང་འཛིན་གྲྭ་ཐེངས་1གཉེར་བར་མི་21ཞུགས་པ། བོད་ཟས་གསོ་སྦྱོང་འཛིན་གྲྭ་ཐེངས་2གཉེར་བར་མི་110ཞུགས་པ། ཕྱུག་འགྱུར་སྣེ་ཁྲིད་པའི་གསོ་སྦྱོང་འཛིན་གྲྭ་ཐེངས་13གཉེར་བར་མི་538ཞུགས་པ། ངར་ལྕགས་བཟོ་པའི་གསོ་སྦྱོང་འཛིན་གྲྭ་ཐེངས་1གཉེར་བར་མི་27ཞུགས་པ། ཨར་ལས་བཟོ་པའི་གསོ་སྦྱོང་འཛིན་གྲྭ་ཐེངས་1གཉེར་བར་མི་30ཞུགས་པ་བཅས་རེད།

གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་ལ་སྐུལ་འདེད་བཏང་བ།

ཐོན་ལས་དར་རྒྱས་བྱུང་ན་གཞི་ནས་གྲོང་གསེབ་དར་རྒྱས་ཡོང་རྒྱུར་སྐུལ་ཁྲིད་བྱེད་ཐུབ། ཐོན་ལས་ཀྱི་རྨང་གཞི་བརྟན་དུ་བཏང་སྟེ་གྲོང་གསེབ་ལ“རང་བརྟེན”གྱི་ནུས་པ་ལྡན་ཚེ་གཞི་ནས་ཞིང་འབྲོག་མང་ཚོགས་རང་ངོས་ཀྱི་ནང་གནས་སྒུལ་ཤུགས་དང་དབྱར་མཚོ་རྒྱས་པ་ལྟར་གྱི་གསོན་ཤུགས་འཕེལ་ཐུབ།

2016ལོར་སོག་རྫོང་རོང་པོ་གྲོང་རྡལ་གྱིས་ཨ་བྲའི་གནོད་འཚེ་ཚབས་ཆེན་ཕོག་པའི་ས་ཆ་མུའུ་4000ལྷག་ཙམ་དུ་མི་ཐབས་ལ་བརྟེན་ནས་རྩྭ་བཏབ་པ་དང་མུའུ་ཁྲི་ཡི་གཟན་རྩྭའི་རྟེན་གཞི་བཙུགས་པས། འདེབས་འཛུགས་ལས་རིགས་དེ་གསོ་ཚགས་ལས་རིགས་ཀྱི་འཁོར་ཁང་དང་པོར་གྱུར་ཡོད། 2020ལོར་རྣམ་གྲངས་དེ་མུའུ་5000ལྷག་ཙམ་བར་རྒྱས་སྐྲུན་བྱས་ཡོད།

“ལོ་ལྟར་བརྔ་བསྡུ་བྱས་པའི་ཡུག་པོ་རོང་པོ་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གིས་གཅིག་གྱུར་ཐོག་ཕྱིར་ཚོང་བྱེད་ཀྱི་ཡོད། ལོ་མཇུག་ཏུ་དུད་ཚང་64ལ་དངུལ་སྨར་བགོ་འགྲེམས་དང་གཟན་རྩྭ་སྤྲོད་ཀྱི་ཡོད། མིག་སྔའི་བར་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པའི་ཐོན་ལས་ལ་རིམ་རྩིས་བྱས་ན་ཐོན་འབབ་སྤྱི་རྒྱ་ཁྲི་385ཡོང་གི་ཡོད་པ་དང་། མི་8ཡུན་རིང་ལས་ཞུགས་ཐུབ་པ། མི་ཐེངས་200ལྷག་ཙམ་དུས་ཐུང་ལས་ཞུགས་ཐུབ་ནས་ཁྱོན་ཁེ་སྤོགས་སྒོར་ཁྲི་19.2བྱུང་ཡོད”ཅེས་རོང་པོ་གྲོང་རྡལ་གྱི་ཀྲེན་ཀྲང་ཡོན་ཧྲེ་ཆིང་གིས་བཤད།

རོང་པོ་གྲོང་རྡལ་གྱི་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པའི་ཐོན་ལས་ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་ནི་སོག་རྫོང་གིས་ཡུལ་བབ་དང་བསྟུན་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་གཡུར་ཟའི་གྲུབ་འབྲས་ཤིག་རེད།

2021ལོ་ཚུན་དུ། སོག་རྫོང་གིས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཀྱི“གཏན་འཁེལ་ལྔ་དང་གཅིག་གྱུར་གསུམ”གྱི་ལས་ཀའི་རྩ་དོན་དང་། “ཕྱོགས་གཉིས་ལ་དམ་འཛིན་དང་དབུས་མར་སྐུལ་འདེད་གཏོང་བའི”སྤྱིའི་ཐོན་ལས་བཀོད་སྒྲིག་གཞིར་བཟུང་ཁྱད་ལྡན་འདེབས་འཛུགས་གསོ་ཚགས་ལས་རིགས་དང་། ལས་སྣོན་ལས་རིགས། ཚོང་དོན་འཁོར་རྒྱུག་ལས་རིགས། ཡུལ་སྐོར་ལས་རིགས། ཐོན་ཁུངས་གསར་སྤེལ་བེད་སྤྱོད་སོགས་ལས་གྲུབ་པའི་ཐོན་ལས་རྣམ་གྲངས་50གོང་ཞུ་བྱེད་པར་ཁྱོན་མ་དངུལ་སྒོར་ཁྲི་72874.26ཟིན་ཡོད། མིག་སྔའི་བར་ཐོན་ལས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་1.5ལྷག་ཙམ་བྱུང་བ་དང་། རིམ་རྩིས་བྱས་ན་ཁེ་སྤོགས་སྒོར་ཁྲི་5386བགོས་པ། རིམ་རྩིས་བྱས་ན་དུད་ཚང་དབུལ་པོ་2641ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས་པ། འབབ་འཕར་སྒོར་ཁྲི་2543.44བྱུང་བ་བཅས་ལས་ཁེ་ཕན་འབྲེལ་མཐུད་ཁྱོན་ཡོངས་ལ་ཁྱབ་ཡོད།

མུ་ལ་མུ་སྦྲེལ་གྱི་རི་བོ་དང་དབེན་ཞིང་འཇམ་པའི་གྲོག་རོང་། གྲོང་གསེབ་དར་རྒྱས་གཏོང་བའི་མཛེས་སྡུག་ལྡན་པའི་འཆར་འགོད་སོག་ཆུའི་འགྲམ་དུ་ལག་བསྟར་བྱེད་འགོ་བརྩམས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།