ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་དངུལ་རྩའི་རྒྱབ་སྐྱོར་ལ་བརྟེན་ནས་དཔལ་འབྱོར་བརྟན་བརླིང་ཡོང་བའི་སྲིད་ཇུས་དང་བྱེད་ཐབས་ཁག་ལག་བསྟར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་དངུལ་ཁང་འགན་བཅོལ་ལྟ་སྐུལ་ཅུའུ་ཡིས་དཔལ་འབྱོར་བརྟན་བརླིང་ཡོང་བའི་ལས་དོན་གྱི་འགན་འཁྲི་ཏན་ཏིག་བསྒྲུབས་ཏེ།《རིམས་ནད་རྐྱེན་གྱིས་དཀའ་ངལ་ཡོད་པའི་ལས་རིགས་ཀྱི་ཁེ་ལས་ལ་དངུལ་རྩའི་ཞབས་ཞུ་སྔར་ལས་ཡག་པོ་བསྒྲུབ་པའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་པ་དང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་སྲིད་ཇུས་དོན་ཚན38དང་ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་སྐུལ་ཨུ་ལྷན་གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། བོད་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བྱེད་ཐབས་ཞིབ་ཚགས་སུ་བཏང་ཞིང་། ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ནས་དངུལ་རྩའི་རྒྱབ་སྐྱོར་ལ་བརྟེན་ནས་དཔལ་འབྱོར་བརྟན་བརླིང་ཡོང་བའི་སྲིད་ཇུས་བྱེད་ཐབས་ཁག་ལག་བསྟར་བྱས་པ་རེད།

བརྡ་ཐོའི》ནང་ཕྱོགས3ཐད་ནས་ཞིབ་ཕྲའི་བྱེད་ཐབས་ཁག26ཁ་གསལ་བོར་བཏོན་ཏེ། ཁོངས་གཏོགས་ཁུལ་གྱི་དངུལ་ཁང་འགན་བཅོལ་སྒྲིག་གཞིས་དཔྱད་ཞིབ་ཀྱི་ལྕག་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཀུན་ཕན་དངུལ་རྩའི་ཞབས་ཞུར་ཤུགས་བསྣན་ནས་རིམས་ནད་རྐྱེན་གྱིས་གནས་སྐབས་དཀའ་ངལ་འཕྲད་པའི་ལས་རིགས་དང་ཁེ་ལས་སོགས་དངུལ་རྩའི་ཞབས་ཞུའི་ཁྲོད་ཀྱི་དཀའ་ངལ་དང་དཀའ་གནད། འགག་གནད་བཅས་ལ་དམིགས་ཏེ་དངུལ་རྩའི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མུ་མཐུད་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན། དངུལ་རྩའི་སྒྲིག་གཞིས་དུས་འགྱངས་སྐྱེད་འཇལ་བྱ་རྒྱུར་ལྟ་སྐུལ་བྱེད་པ་དང་། དངུལ་བུན་གཡར་ཞིང་དངུལ་བུན་སྤྲོད་པའི་བཀོད་སྒྲིག་དང་། འགན་བཅོལ་འགྲོ་གྲོན་ནར་འགྱངས་ཀྱིས་བསྡུ་བ་སོགས་འཐུས་ཚང་དུ་བཏང་ནས། སི་ཁྲོན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་དང་ཡར་ཀླུང་གཙང་པོའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་སོགས་རྣམ་གྲངས་གལ་ཆེན་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། སྡོད་གནས་དང་བཟའ་བཏུང་། སིལ་ཚོང་སོགས་རིམས་ནད་ཤུགས་རྐྱེན་ཚབས་ཆེན་ཕོག་པའི་ལས་རིགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་། དེ་བཞིན་ལས་ཞུགས་མི་གྲངས་ཅུང་མང་བའི་ཁྲོམ་རའི་གཙོ་གཟུགས་ཀྱི་ཡིད་རྟོན་དངུལ་བུན་རྒྱབ་སྐྱོར་དང་དེ་བཞིན་འགན་བཅོལ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས།

བརྡ་ཐོའི》ནང་། 2022ལོར་ཀུན་ཕན་རྣམ་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་བུན“འཕར་སྣོན་གཉིས”ཀྱི་དམིགས་འབེན་མུ་མཐུད་མངོན་འགྱུར་བྱས་ཏེ། དུད་ཚང་གཅིག་ལ་ཡིད་རྟོན་དངུལ་བུན་སྒོར་ཁྲི1000(ཚུད་པ)ཟིན་པའི་ཀུན་ཕན་རྣམ་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་འཕར་ཚད་དེ་དངུལ་བུན་འཕར་ཚད་ཁག་ལས་མི་དམའ་བ་དང་། དངུལ་བུན་ལྷག་གྲངས་ཡོད་པའི་དུད་ཚང་ལོ་མགོའི་ཆུ་ཚད་ལས་མི་དམའ་བའི་བླང་བྱ་བཏོན་ཡོད། གཞན་ཡང་། “ཐོག་མར་དངུལ་བུན་གཡར་མཁན”ཇེ་མང་དུ་འགྲོ་བར་སྐུལ་འདེད་ཏན་ཏིག་བཏང་ནས། ཁེར་རྐྱང་བཟོ་ཚོང་དུད་ཚང་གི་དངུལ་བུན་འཕར་ཚད་ཇེ་མང་དུ་འགྲོ་བར་འགན་ལེན་བྱས་ཏེ། ཞིང་འབྲེལ་དངུལ་བུན་རྒྱུན་མཐུད་ངང་འཕར་བ་དང་ཀུན་ཕན་རྣམ་པའི་ཞིང་འབྲེལ་དངུལ་བུན་ཧེ་བག་ཅན་གྱི་སྒོ་ནས་འཕར་བའི་དམིགས་ཚད་མུ་མཐུད་མངོན་འགྱུར་ཡོང་བར་བྱ་རྒྱུ་རེད།

《བརྡ་ཐོའི》ནང་། རིམ་པ་སོ་སོའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་དངུལ་ཁང་གི་འགན་བཅོལ་སྒྲིག་གཞིས་རིམས་ནད་རྐྱེན་གྱིས་གནས་སྐབས་ཉེན་ཁར་འཕྲད་པའི་ལས་རིགས་ཁེ་ལས་སོགས་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་པ་དང་། སྲིད་ཇུས་དོན་འཁྱོལ་བྱེད་ཚུལ་ལ་དཔྱད་དཔོག་དང་ཞིབ་བཤེར། བརྡ་ཁྱབ་གཏོང་བ་དང་ཁ་ཆད་གླེང་མོལ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། འབྲེལ་ཡོད་སྒྲིག་གཞིར་སྲིད་ཇུས་དོན་ཐོག་ཏུ་མི་འཁྱོལ་བ་དང་ལག་བསྟར་ཕྱོགས་ཞེན་སོགས་ཀྱི་གནད་དོན་ཡོ་བསྲང་བྱས་ཏེ། དཀའ་ངལ་འཕྲད་པའི་ལས་རིགས་དང་ཁེ་ལས་ཀྱི་དངུལ་རྩའི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།