ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁ་གྲོང་ཁྱེར་གྱིས་སློབ་གྲྭའི་ཏང་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས་སློབ་གྲྭའི་སློབ་གསོའི་ལས་དོན་ལ་སྐུལ་འདེད་གཏོང་སྐབས། ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ཀྱི་སློབ་གསོའི་རྩ་བའི་ལས་འགན་འདིར་རྩེ་གཅིག་ཏུ་དམིཌ་ཏེ། སློབ་གྲྭ་འབྲིང་ཆུང་གི་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་སློབ་སྤྱིའི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་དང་། འགོ་ཁྲིད་ཚན་ཁག་ལེགས་འདེམས་ཧྲག་སྒྲིག ཏང་གི་རྩ་འཛུཌ་སྟོབས་ཆེར་གཏོང་བར་སྐུལ་འདེད། ཏང་གིས་སློབ་གྲྭའི་རྩ་འཛུགས་སྣ་ཚོགས་དང་ལས་དོན་ཁག་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་འགན་ལེན་བྱས་པ་རེད།

སློབ་གསོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་དྲུང་ཡིག་ཚོགས་ཆུང་བཙུགས་ནས་སྔ་རྗེས་སུ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་དང་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་ཚོགས་འདུ་ཐེངས་4འཚོགས་ཏེ་སློབ་གྲྭའི་ཏང་འཛུགས་སྐྱོང་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཚན་རིག་དང་མཐུན་པའི་སྒོ་ནས་སློབ་གྲྭ་འབྲིང་ཆུང་གི་ཏང་རྩ་འཛུགས་བཙུགས་ཏེ་གྲོང་ཁྱེར་ཐད་གཏོགས་སློབ་གྲྭའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་ལས་གནས་ཁ་གྲངས་9དང་རྫོང་དང་ཆུས་ཀྱི་སློབ་འབྲིང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་ལས་གནས་ཁ་གྲངས་13ཁ་གསལ་བཟོས་ཤིང་། སློབ་གྲྭའི་ཧྲུའུ་ཅི་དང་སློབ་སྤྱི་འགན་རིམ་གཅིག་མཚུངས་དང་ཐོབ་ཐང་གཅིག་མཚུངས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་པ་རེད། “8534”ཡི་ཏང་འཛུགས་སྐྱོང་གི་ལས་དོན་སྒྲུབ་སྟངས་ཕྱོགས་ཡོངས་ནས་བཟོས་པ་དང་ཚད་གཞི་ཅན་གྱི“སྐར་བརྒྱད་ཏང་ཀྲི་པུའུ”15བཏོད་དེ་སློབ་གྲྭའི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་། རྩ་འཛུགས་ནུས་པ། གོང་བུ་འགྲིལ་ཤུགས་བཅས་ཆེ་རུ་བཏང་བ་རེད།

སློབ་གྲྭའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཀྱིས་ཇུས་ཐག་གཅོད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་། ཏང་འཛུགས་སྐྱོང་ལས་དོན་གྱི་བླང་བྱ་སློབ་གྲྭའི་སྒྲིག་ཡིག་ནང་བཀོད་དེ། ཏང་རྩ་འཛུགས་ཀྱི་ཕྱོགས་དགུའི་ཐད་ཀྱི་ཞིབ་ཕྲའི་ལས་ཀའི་འགན་འཁྲི་སྔར་བས་ཁ་གསལ་བཟོས་ནས། སློབ་གྲྭའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་འོག་སློབ་སྤྱིས་ལས་དོན་ནུས་ལྡན་སྒྲུབ་པར་འགན་སྲུང་བྱས་པ་རེད། ཏང་རྩ་འཛུཌཀྱི་ཚོགས་འདུ་དང་། སློབ་སྤྱིའི་གཞུང་ལས་ཚོགས་འདུ། སློབ་གྲྭའི་ལས་དོན་ཚོགས་འདུ་བཅས་ཀྱི་འབྲེལ་ཡོད་ལམ་ལུགས་དང་སྒྲིག་སྲོལ་ཁག་130ལྷག་ཙམ་བཟོས་པ་དང་། ཚོགས་འདུར་ཞུགས་པའི་ཁྱབ་ཁོངས་དང་གྲོས་དོན་གོ་རིམ་ཁ་གསལ་བཟོས་ནས་སློབ་གྲྭའི་ཏང་རྩ་འཛུགས་རིམ་པ་ཁག་གིས་རིམ་རྩིས་བྱས་ན་ཚོགས་འདུ་ཐེངས་150ལྷག་ཙམ་འཚོགས་པ་དང་། དོན་དག་གལ་ཆེན་ཁག་190ལྷག་ཙམ་ལ་ཞིབ་འཇུག་བྱས་པ་རེད།

ལྷོ་ཁ་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་ལས་དོན་དེ་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་པ་མཐའ་འཁྱོངས་ཀྱིས་ཏང་འཛུགས་སྐྱོང་ལས་དོན་དེ་སློབ་གསོ་སློབ་ཁྲིད་དང་། ཀུན་སྤྱོད་སློབ་གསོ། བསམ་བློ་ཆབ་སྲིད་ལས་དོན་བཅས་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་སློབ་གྲྭའི་ཁྱད་ཆོས་མངོན་པར་སྐུལ་འདེད་བཏང་ཞིང་། 2021ལོ་ཚུན་དུ། སློབ་གྲྭ་ཁག་གིས“སེ་འབྲུ་ཆུང་ཆུང་གིས་ཀྲུང་ཧྭ་ལ་བཅངས་པའི་བརྩེ་སེམས་ཟབ་མོ”དང“ཡིག་ལན་སྤྲིངས་སྟངས་སྦྱངས་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། རིམས་ནད་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་བསྔགས་པའི”གསར་བརྗེའི་གླུ་གཞས་འགྲན་བསྡུར། རིག་རྩལ་སྐོང་འཁྲབ་སོགས་ཀྱི་བྱེད་སྒོ་ཐེངས་210ལྷག་ཙམ་སྤེལ་ནས་ཀྲུང་ཧྭ་ལ་དགའ་ཞེན་གྱི་ས་བོན་སློབ་མའི་སེམས་སུ་བཏབ་པ་དང་། དགེ་སློབ་ཀྱི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པའི་འབྲེལ་ཡོད་བསམ་འཆར་བཏོན་པ། གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭའི་བསམ་བློ་ཆབ་སྲིད་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོཌ་པ། དུས་ཐེངས་དང་ཁག་བགོས་ནས་དགེ་རྒན་གྱི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གསོ་སྦྱོང་ལས་དོན་སྤེལ་ནས་རིམ་རྩིས་བྱས་ན་དགེ་རྒན་མི་ཐེངས་ཁྲི་1.4ལ་གསོ་སྦྱོང་བྱས་པ་བཅས་རེད།

གཞི་རིམ་གྱི་ཏང་འཛུགས་སྐྱོང་དཔེ་སྟོན་ས་ཚིགས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། གཞི་རིམ་གྱི་ཏང་འཛུགས་སྐྱོང་གི་སྤྱི་ཡོངས་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་ཞིང་། “‘ཏང་འཛུགས་སྐྱོང+’ཀྱི་ལས་དོན་སྤེལ་བས་ང་ཚོའི་དགེ་རྒན་དང་ལས་བཟོའི་དཔུང་ཁག་གི་ཆབ་སྲིད་བྱང་ཚད་དང་དུས་རབས་གསར་པའི་ཤུལ་འཛིན་པ་གསོ་སྐྱོང་བྱེད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་ཕྱིན་པ་མ་ཟད། སློབ་གྲྭའི་གསར་བརྗེའི་རིག་གནས་ཀྱི་རྣམ་པ་ཟབ་ཏུ་དང་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཀྱི་གོང་བུར་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཀྱང་ཆེ་རུ་ཕྱིན་ནས་སློབ་གྲྭར་ཏང་གཤིས་ཀྱི་འོད་ཟེར་སྔར་བས་འཕྲོ་བཞིན་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་དགེ་རྒན་ཝང་ཧུང་གིས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།