ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཉིང་ཁྲི་རྫ་ཡུལ་རྫོང་གི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་རྒྱུག་བརྟན་ལ་ནུས་ལྡན་ཡོད་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2022ལོར་རྫ་ཡུལ་རྫོང་གིས་རང་སྐྱོང་ལྗོངས་དང་ཉིང་ཁྲི་གྲོང་ཁྱེར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”དམིགས་ཚད་ལ་དམ་པོར་གཞིགས་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་བས། དམིགས་ཚད་གཙོ་བོ་མགྱོཌ་ཙམ་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། དཔལ་འབྱོར་འཁོར་རྒྱུག་བརྟན་ལ་ནུས་ལྡན་ཡོད་པ་རེད།

དཔལ་འབྱོར་གྱི་དམིགས་ཚད་བརྟན་པོ་འཕར་ཞིང་། འདི་ལོའི་དུས་ཚིགས་དང་པོར་རྫ་ཡུལ་རྫོང་གིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་3.57ཟིན་པ་དེ་དུས་མཚུངས་ལས་2057%འཕར་བ་དང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་དཔག་ལྟར་ན་སྒོར་དུང་ཕྱུར་2.87ཟིན་པ་དེ་དུས་མཚུངས་ལས་2.5%འཕར་ཡོད་པ་རེད།

རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་ཞིང་། རྫོང་ཡོངས་ཀྱིས་རྣམ་གྲངས་ཁག་136ལག་བསྟར་གྱི་འཆར་གཞི་ཡོད་པ་ནས་རྣམ་གྲངས་ཁག་123ལས་འགོ་ཚུགས་པའམ་ལས་འགོ་བསྐྱར་དུ་ཚུགས་པ་དང་། རྣམ་གྲངས་ཁག་49ལེགས་གྲུབ་ཟིན་པ། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་2.48བཏང་ཡོད་པ་དང་། དགྲ་ལྷ་གློག་ཁང་དང་། རྫ་ཡུལ་ནས་མེ་ཏོག་བར་གྱི་གཞུང་ལམ་སོགས་གཙོ་གནད་རྣམ་གྲངས་ཚང་མ་བསྐྱར་དུ་ལས་འགོ་ཚུགས་པ། ཆ་རྐྱེན་འཛོམས་པའི་གྲོང་ཁྱེར་རིམ་པའི་གཙོ་གནད་རྣམ་གྲངས་ཚང་མ་ལས་འགོ་ཚུགས་པའམ་བསྐྱར་དུ་ལས་འགོ་ཚུགས་པ། 2021ལོའི་མཐའ་མཚམས་མི་སེར་བཀོད་སྒྲིག་བྱ་ཡུལ་2སྤྱིའི་ལས་གྲྭའི་ཚད་གཞི་ནས་98%ལེགས་གྲུབ་ཟིན་པ་དང་ཟླ་6པར་འཚོ་སྡོད་ཆ་རྐྱེན་འཛོམས་ནས་དུད་ཚང་133དང་མི་གྲངས་396གནས་སྤོ་རྒྱུ། 2022ལོའི་མཐའ་མཚམས་མི་སེར་བཀོད་སྒྲིག་བྱ་ཡུལ་3དུ“ཤར་གཏོང་གསུམ་དང་ཁོད་སྙོམས་གཅིག”ལག་བསྟར་བྱེད་བཞིན་ཡོད་པ་རེད།

ཞིང་ལས་ཐོན་འཕར་གྱི་རྣམ་པ་བཟང་ཞིང་། འདི་ལོ་རྫ་ཡུལ་རྫོང་གིས་འབྲུ་རིགས་མུའུ་ཁྲི་0.5བཏབ་པ་དང་ལག་ཡོད་ཕྱུགས་རིགས་མགོ་གྲངས་ཁྲི་8.5ཟིན་པ་དང་། མུའུ་2500ཡི་ཇ་ལོ་འཐུ་བའི་ནམ་དུས་ལ་སླེབས་པ་དང་དུས་ཚིགས་དང་པོར་ཇ་ལོ་རྒྱ་མ་4000སྐམ་པ་དང་ཇ་ལོ་ལས་སྣོན་བཟོ་གྲྭ་3འཁོར་སྐྱོད་ནུས་ལྡན་ཐུབ་ཡོད་པ་རེད། སྤྲེལ་ཁམ་རྒྱ་མ་ཁྲི་70བཙོངས་ཤིང་། འབྲས་ཤིང་སྐྱེ་འཚར་བཟང་པོ་ཡོད་པ་རེད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།