ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས2022ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”མུ་འབྲེལ་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས11ཉིན་ནི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”ཡིན་ལ། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་སྒྲུབ་བྱས་པའི2022ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”མགོ་ཚུགས་མཛད་སྒོ་དང་ཚོགས་ར་གཙོ་བོའི་བྱ་འགུལ་དེ་འཛམ་གླིང་རིག་གནས་ཤུལ་བཞག་ནོར་བུ་གླིང་ཁར་མགོ་ཚུགས་པ་རེད། ཚོགས་ར་གཙོ་བོའི་བྱ་འགུལ་ནང་གཟུགས་འདས་རིག་གནས་ཤུལ་བཞག་གི་གླུ་གར་འགྲེམས་སྟོན་དང་གཟུགས་འདས་རིག་གནས་ཤུལ་བཞག་གི་བཟོ་ཁང་དང་རིག་དངོས་སྲུང་སྐྱོང་སྡེ་ཁག་གི་རིག་གནས་གསར་གཏོད་ཐོན་རྫས་འགྲེམས་སྟོན་དང་འགྲེམས་འཚོང་། རིག་གནས་དང་རིག་དངོས་ཀྱི་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་སྒྲོག་སོགས་འདུས་ཡོད། དེ་དང་དུས་མཉམ་དུ“དྲ་ཐོག་གི་གཟུགས་འདས་རིག་གནས་ཤུལ་བཞག་གི་གཟུགས་བརྙན་འགྲེམས་སྟོན”དང་གཟུགས་འདས་རིག་གནས་ཤུལ་བཞག་ཉོ་སྒྲུབ་དུས་ཆེན་གྱི་བྱ་འགུལ་སོགས་སྤེལ་ཡོད། 

༢.jpg

བྱ་འགུལ་སྤེལ་ཡུལ་དུ་ལྷ་མོ་དང་། གཞས་ཆེན། སྟོད་གཞས། རྒོད་གླིང་སོགས་གཟུགས་འདས་རིག་གནས་ཤུལ་བཞག་གི་གླུ་གར་འགྲེམས་སྟོན་བྱས་པས་གྲོང་མི་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། བོད་སྤོས་དང་། ཀོ་ཆས། གདོང་འབག་སོགས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དག་ལས་མི་རྣམས་ཀྱི་ཡིད་དབང་འཕྲོགས། འཇིམ་རྐོས་དང་། ཐང་ག ཡིག་གཟུགས་སོགས་ཕུན་སུམ་ཚོགས་པའི་རིག་གནས་གསར་གཏོད་ཐོན་རྫས་ལྟ་བས་མི་ངོམ་པ་ཡོད་པས། ཚང་མས་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད། ཐེངས་འདིའི་ཚོགས་ར་གཙོ་བོའི་བྱ་འགུལ་ནང་གཟུགས་འདས་རིག་གནས་ཤུལ་བཞག་གི་བཟོ་ཁང་དང་རིག་གནས་གསར་གཏོད་ཁེ་ལས10ལྷག་ཞུགས་ཡོད་པ་དང་། གཟུགས་འདས་རིག་གནས་ཤུལ་བཞག་ཐོན་རྫས་དང་རིག་གནས་གསར་གཏོད་ཐོན་རྫས200ལྷག་འགྲེམས་སྟོན་བྱས་ཡོད།

༤.jpg

བྱ་འགུལ་ཁྲོད་ད་དུང“རྒོད་གླིང་སྒྱུ་རྩལ”ཁྲིད་སྦྱོང་རྟེན་གཞི་དང་། “གཟུགས་འདས་རིག་གནས་ཤུལ་བཞག་སློབ་གྲྭར་ཁྱབ་གདལ་གཏོང་བའི་དཔེ་སྟོན་རྟེན་གཞི་སྐོར་གཉིས་པ” རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་སྐོར་ལྔ་པར་སྒོ་བྱང་སྤྲོད་པའི་མཛད་སྒོ་འཚོགས་པ་རེད།

༣.jpg

ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་ལ་ངོ་བོའི་རང་བཞིན་གྱི་ཕན་འབྲས་བཟང་པོ་ཐོབ་པ་དང་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ཡོད། མིག་སྔའི་བར། ལྗོངས་ཡོངས་སུ་རིམ་པ་ཁག་གི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས2600ཡོད་པ་དང་། མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ1668། གཟུགས་འདས་རིག་གནས་ཤུལ་བཞག་གི་བཟོ་ཁང121བཅས་ཡོད་པ་རེད། །

༥༦.jpg

༥.jpg

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།