ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

སེ་འབྲུའི་རྡོག་པོ་ཆུང་ཆུང་ལས་ཀྲུང་ཧྭའི་བརྩེ་སེམས་ལྷག་པར་མངོན།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་སློབ་ཆུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་གཏིང་ཟབ་སྤེལ་བའི་སྐོར་བཀོད་པ།

ཉིན་ལྟར་ཞོགས་པ《ང་ཡི་ཀྲུང་ཧྭ་ལ་དགའ》ཞེས་པའི་གླུ་གཞས་ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་སློབ་ཆུང་དུ་དུས་ཐོག་ཏུ་གཏོང་གི་ཡོད། སློབ་གྲྭའི་དགེ་སློབ་རྣམས་ཀྱིས་གླུ་གཞས་དེར“མཐུན་སྒྲིལ་ཡར་ཐོན་གཏོད་པའི་གླུ་གཞས”ཞེས་བརྗོད་ཀྱི་ཡོད།

ཉེ་བའི་ལོ་ཤས་རིང་། ཆུ་གསུམ་གྲོང་རྡལ་སློབ་ཆུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་སློབ་གྲྭའི་རིག་གནས་དང་། སློབ་ཁྲིད། སློབ་ཕྱིའི་བྱེད་སྒོ་བཅས་དང་མཉམ་འདྲེས་གཏིང་ཟབ་བྱས་པས། མི་ཚང་མ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ནང་ཞུགས་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

“སེ་འབྲུའི་རྡོག་པོ་ཆུང་ཆུང་ལས་ཀྲུང་ཧྭའི་བརྩེ་སེམས་ལྷག་པར་མངོན”མིག་སྔའི་བར་སློབ་གྲྭ་དེས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗོད་དོན་གཙོ་བོའི་འཛིན་ཚོགས་ཐེངས་42འཚོགས་ཡོད།

“ང་ཚོ་ནི་མི་རིགས་56ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་རེད། མེས་རྒྱལ་ནི་མེ་ཏོག་ལྡུམ་ར་ཆེན་པོ་དང་ཞིག་དང་འདྲ། ལྡུམ་རའི་ནང་མེ་ཏོག་སྣ་ཁ་56རབ་ཏུ་བཞད། མེ་ཏོག་དེ་དག་དེ་བས་བཀྲག་མདངས་འཚེར་བའི་ངང་སྐྱེ་འཚར་ཡོང་ཆེད། ང་ཚོས་ཆུ་དང་ལུད་རྟག་ཏུ་རྒྱག་དགོས”ཞེས་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་འཛིན་ཚོགས་ཐོག་སློབ་མ་ཚེ་རིང་སྒྲོལ་དཀར་གྱིས་གསོན་ཉམས་དོད་པོས་བརྗོད་པས་སློབ་ཕྲུག་ཚོའི་དགའ་བསུ་ཚད་མེད་ཐོབ།

ཚེ་རིང་སྒྲོལ་དཀར་གྱིས་དུས་བཀག་བཞིན་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་འཛིན་ཚོགས་འཚོགས་པ་ཕུད། ད་དུང་སློབ་གྲྭས་རྟག་ཏུ་འཛིན་གྲྭ་ཁག་སྒྲིག་འཛུགས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་ནག་པང་ཚགས་པར་དཔྱད་བསྡུར་གྱི་འགྲན་བསྡུར་བྱེད་ཀྱི་ཡོད་པས། འཛིན་གྲྭ་ཁག་གིས་ཀྱང“སེམས་མཐུན་སེ་འབྲུའི་རྡོག་པོ་མཉམ་དུ་སྐྱོང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བརྗོད་དོན་གཙོ་བོར་གཞིགས་ནས་ནག་པང་ཚགས་པར་ཡག་པོ་ཞིག་འདོན་གང་ཐུབ་བྱེད་ཀྱི་ཡོད་ཅེས་གསར་འགོད་པར་བརྗོད།

ནག་པང་ཚགས་པར་སྟེང་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དང་སེ་འབྲུ་དང་། ཡིད་དབང་རབ་ཏུ་འཕྲོག་པའི་མི་རིགས་ཀྱི་ཞབས་བྲོ་འཁྲབ་མཁན། དེ་བཞིན་ མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་དང་མི་རིགས་མཐུན་སྒྲིལ་གྱི་ཤེས་བྱ་སོགས་ཀྱི་ནང་དོན་བྲིས་འདུག ནང་དོན་ཕུན་སུམ་ཚོགས་པའི་ནག་པང་ཚགས་པར་རེ་རེ་ལས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་། མི་རིགས་ཁག་གི་སེམས་པ་གཅིག་མཐུན་ཡིན་པ་མཚོན་ཐུབ་པ་མ་ཟད། ད་དུང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དགེ་སློབ་ཚང་མའི་སེམས་སུ་ཟུག་པ་མཚོན་ཡོད།

ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་ཆེད། སློབ་གྲྭས་སློབ་མར་རྡོའི་སྟེང་དུ་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་བརྐོས་སུ་བཅུག་པས། སློབ་མ་ཁག་གཅིག་གིས་གྲམ་རྡོའི་སྟེང་པིང་ཏུན་ཏུན་དང་ཞོལ་རུང་རུང་སོགས་བརྐོས་པ་མ་ཟད། ཁག་གཅིག་གིས་རང་ཉིད་ཀྱི་སེམས་ནང་གི་འཇིག་རྟེན་འཕུར་སྐྱོད་ཀྱི་དཔའ་བོ་དང་བོད་རྒྱ་ཤན་སྦྱར་གྱི་ཐོག་ནས“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས”ཞེས་ཀྱང་བྲིས་ཡོད།

ཕུལ་བྱུང་བརྩམས་ཆོས་ལ་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཀྱི་བསྔགས་བརྗོད་ཐོབ་ཅིང་། བརྩམས་ཆོས་ཁག་གཅིག་ད་དུང་རྫོང་གིས་མི་རིགས་མཐུན་སྒྲིལ་གྱི་རིག་གནས་སྒྱུ་རྩལ་དུས་ཆེན་ཐོག་འགྲེམས་སྟོན་བྱས་པས། “ཁོང་ཚོས་དངོས་གནས་ཡག་པོ་བྲིས་འདུག”ཞེས་སློབ་ཕྲུག་ཚོའི་བརྩམས་ཆོས་ལ་བལྟས་རྗེས་ཆུ་གསུམ་གྲོང་རྡལ་གྱི་མང་ཚོགས་ཚེ་རིང་རྒྱ་མཚོས་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱས།

སློབ་གྲྭ་དང་ཁྱིམ་ཚང་ཟུང་དུ་འབྲེལ་བའི་མི་རིགས་མཐུན་སྒྲིལ་གྱི་ཤེས་བྱ་འགྲན་བསྡུར་བྱས་པ་བརྒྱུད། ཆུ་གསུམ་གྲོང་རྡལ་སློབ་ཆུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་སྔར་བས་གཏིང་ཟབ་སྤེལ་བ་རེད།

སྡིངས་ཆའི་སྟེང་གཙོ་སྐྱོང་པས《བོད་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》དང་། རང་རྒྱལ་གྱི་མི་རིགས་ཀྱི་གོམས་སྲོལ་དང་། མི་རིགས་ཆོས་ལུགས་སྲིད་ཇུས། མི་རིགས་མཐུན་སྒྲིལ་གྱི་ཤེས་དགོས་ངེས་ཀྱི་ཤེས་བྱ་སོགས་ཀྱི་ནང་དོན་བཀླགས་མ་ཐག་གཤམ་དུ་ཡོད་པའི་སློབ་མ་དང་ཁྱིམ་བདག་56གིས་འཚང་ཁ་ཤིག་ཤིག་ངང་ལན་འདེབས་པ་སོགས་ཀྱི་དགའ་སྤྲོའི་རྣམ་པས་ཁེངས།

གཞན་ཡང་སློབ་གྲྭ་དེས་ད་དུང་སློབ་མར“བྱིས་པའི་བློ་ཁ་ཏང་ལ་ཕྱོགས་ནས་ལོ་བརྒྱ་བསུ། གསར་བརྗེའི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཤོད་པ་དང་། དགེ་སློབ་རྣམས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་སྟེ། ཁེ་གསུམ་གྲོང་ཚོའི་འགྲེམས་སྟོན་ཁང་དང་ལྷོ་ཁའི་རྟེན་རྫས་བཤམས་མཛོད་ཁང་སོགས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ལྟ་སྐོར་དང་སློབ་སྦྱོང་ལ་ཁྲིད་པ། གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལག་ལེན་སློབ་ཚན་ཡག་པོ་ཁྲིད་པ་བཅས་བྱས་ཏེ། སློབ་མའི་རྒྱལ་གཅེས་ཀྱི་སེམས་པ་དེ་བས་ཟབ་ཏུ་གཏོང་ཐབས་བྱས་པ་རེད།

“ང་ཚོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་ཡིན། ང་ཚོས་ངེས་པར་དུ་འཇོན་ཐང་ཡག་པོ་སྦྱངས་ནས་མེས་རྒྱལ་སྔར་བས་དར་ཞིང་རྒྱས་ལ་འབྱོར་ཕྱུག་དང་ལྡན་པ་ཞིག་འཛུགས་སྐྲུན་བྱ་རྒྱུ་ཡིན”ཞེས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་སྟེ། ཁེ་གསུམ་གྲོང་ཚོའི་འགྲེམས་སྟོན་ཁང་ལ་ལྟ་སྐོར་བྱས་རྗེས་སློབ་མ་ཚེ་རིང་སྒྲོལ་དཀར་གྱིས“བོད་རྙིང་པའི་ཞིང་བྲན་གྱི་འཚོ་བ་དང་བསྡུར་ན་ང་ཚོའི་འཚོ་བ་ཧ་ཅང་སྐྱིད་པོ་རེད་འདུག ང་ཚོས་ངེས་པར་དུ་ད་ལྟའི་ཐོབ་པར་དཀའ་བའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་ལྡབ་བརྒྱ་བྱས་ནས་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་སེམས་འགུལ་ཐེབས་བཞིན་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།