ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་བའི”མགོ་ཡག་པོ་བཙུགས་པས་འགག་སྒོའི་དངོས་ཟོག་ཕྱིར་གཏོང་བྱེད་ཚད165%འཕར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020220609324531154390.jpg

པར་འདི་ནི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་ཀྱི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས8ཉིན། 《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་བའི”རིང་གི་ཚོང་དོན་འཕེལ་རྒྱས་འཆར་འགོད》དང《བོད་རང་སྐྱོང་ལྗོངས་ཀྱི་མཁོ་འཚོང་མཉམ་ལས་ཁང་གི“ལོ་ལྔའི་འཆར་གཞི་བཅུ་བཞི་བའི”འཕེལ་རྒྱས་འཆར་འགོད་དང2035ལོའི་རྒྱང་རིང་དམིགས་འབེན》(གཤམ་དུ“འཆར་འགོད་གཉིས”ཞེས་བསྡུ་རྒྱུ)བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་དུ་བསྡུས།

བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཏང་ཙུའུ་ཁོངས་མིའམ་ཐིང་ཀྲང་གཞོན་པབདེ་སྐྱིད་མཚོ་མོས་ངོ་སྤྲོད་བྱས་པ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་། བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་བསྡོམས་འབོར་ལོ་རེར་ཆ་སྙོམས9.3%འཕར་སྣོན་བྱུང་ནས་ཀྲུང་གོའི་མདུན་གྲལ་དུ་སླེབས་པ། ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་སྒོར་དུང་ཕྱུར228.1དང་འགག་སྒོའི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཏུན་ཁྲི62.6མངོན་འགྱུར་བྱུང་བ། ཕྱི་ཕྱོགས་ཚོང་དོན་གྱི་མ་འཇོག་ཁེ་ལས51བཙུགས་པ། དོན་དངོས་ཐོག་ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་དུང་ཕྱུར2.1བེད་སྤྱོད་བྱས་པ་རེད། 

བདེ་སྐྱིད་མཚོ་མོས་སྔར་ལས་ལྷག་པའི་སྒོ་ནས་དེང་རབས་ཚོང་དོན་འཁོར་རྒྱུག་མ་ལག་དང་མཁོ་འཚོང་བདག་གཉེར་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་ཚོང་དོན་བརྟན་པོར་ཡོང་བ། ཕྱི་རྒྱལ་མ་དངུལ་ལེགས་སྒྱུར་བྱེད་པ། རྒྱུད་གཅིག་ལམ་གཅིག”གི་དཔལ་འབྱོར་ཚོང་དོན་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་སྐྱེད་དུ་གཏོང་དགོས་ཞེས་བཤད།

ཤེས་གསལ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”མགོ་ཚུགས་ལ་ཉེ་བའི་སྐབས་སུ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར800ལས་བརྒལ་བ་དང་། ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་སྒོར་དུང་ཕྱུར40.2ཟིན་པ་དང་དེ་དུས་མཉམ་ལས88.3%འཕར་བ། དཔལ་འབྱོར་གསར་སྤེལ་ཁུལ4ཡིས་ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་བྱེད་ཚད་དུས་མཉམ་ལས13%འཕར་ཡོད། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་ཁེ་ལས་བཅའ་སྡོད་བྱས་ནས་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར10.22མངོན་འགྱུར་བྱུང་བ་དང་། འགག་སྒོའི་དངོས་ཟོག་ཕྱིར་གཏོང་བྱེད་ཚད165%འཕར་བ། “སའི་གོ་ལའི་སྣེ་གསུམ་པའི”ཁྱབ་ཁོངས་ཀྱི་སྤྱི་བའི་ཟོང་རྟགས་མགྱོགས་མྱུར་སྐྱེད་སྲིང་བྱས་པ། གྲོང་ཁྱེར་དང་ས་ཁུལ7གྱི་རྫོང་ཆུས74ཡི་མཁོ་འཚོང་རྩ་འཛུགས་མ་ལག་ཕྱོགས་ཡོངས་ནས་སླར་གསོ་བཅས་བྱུང་ཡོད་པས། “ལོ་ལྔའི་འཆར་གཞི་བཅུ་བཞི་བའི”མགོ་ཡག་པོ་བཙུགས་པ་མངོན་འགྱུར་བྱུང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།