ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁ་གོང་དཀར་རྫོང་གིས་ཚགས་དམ་རྣམ་པའི་རྫོང་ཁོངས་སྨན་བཅོས་འཕྲོད་བསྟེན་གྱི་ཐུན་མོང་ཚོགས་པ་བསྐྲུན་པར་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་འདི་ཉིད་བོད་ལྗོངས་རྫོང་ཁོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་ལམ་ལུགས་བཅོས་སྒྱུར་གྱི་སྔོན་སྐྱོད་ཚོད་ལྟ་བྱ་ཡུལ་ཡིན་པའི་ཆ་ནས། རྫོང་ཁོངས་ཕྱོགས་བསྡུས་སྨན་བཅོས་ལམ་ལུགས་བཅོས་སྒྱུར་ཆ་འཕྲིན་ཅན་གྱི་རྣམ་གྲངས་ལག་བསྟར་བྱས་པ་རེད། ཤེས་གསལ་ལྟར་ན། རྣམ་གྲངས་དེ2022ལོའི་ཟླ3ནས་བཟུང་སྤྱི་ཡོངས་ནས་འཁོར་སྐྱོད་བྱེད་མགོ་ཚུགས་ཡོད་ལ། དེ་གོང་དཀར་རྫོང་མི་དམངས་སྨན་ཁང་དང་། བོད་སྨན་ཁང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང7། གྲོང་ཚོའི་འཕྲོད་བསྟེན་ཁང31ལ་སྦྲེལ་མཐུད་བྱས་ཏེ། གཞི་གྲངས་ལྟེ་གནས1དང་། གཅིག་སྡུད་ལས་སྟེགས2། གཞི་རིམ་ཆ་འཕྲིན་མ་ལག་གི་སྨན་བཅོས་ཞབས་ཞུའི་ཐུན་མོང་ཚོགས་པའི་ཆ་འཕྲིན་ཅན་གྱི་སྒྲོམ་གཞི3བཅས་བསྐྲུན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། སྔོན་ཆད་ལྷོ་ཁ་གྲོང་ཁྱེར་གྱི་འཕྲོད་བསྟེན་བདེ་ཐང་གི་རྨང་གཞིའི་སྒྲིག་བཀོད་ཞན་པ་དང་། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་འཕེལ་རྒྱས་དོ་སྙོམས་མིན་པ། གྲོང་གསེབ་དུ་ཤོག་བུའི་ཐོག་ཐོ་འགོད་དང་སྡོད་དམངས་ཀྱི་བདེ་ཐང་ཡིག་ཚགས་ལག་བྲིས་ཁ་སྐོང་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་པ། གཞི་རིམ་ཆ་འཕྲིན་ཅན་གྱི་མ་ལག་འཐུས་ཚང་མིན་པ། གཞི་གྲངས་མ་འཕྲིན་ཕན་ཚུན་སྦྲེལ་མཐུད་ཐུབ་མེད་པ་བཅས་ཀྱིས་གཞི་རིམ་གྱི་སྨན་བཅོས་བདེ་ཐང་ལས་སྒོ་འཕེལ་རྒྱས་དང་དོ་དམ་ནུས་པ་མཐོར་འདེགས་ལ་ཚོད་འཛིན་ཚབས་ཆེན་ཐེབས་ཡོད། 

W020220608305467129127.png

པར་འདི་ནི་གོང་དཀར་རྫོང་མི་དམངས་སྨན་ཁང་གི་རྒྱང་བསྟེན་ནད་དཔྱད་ལྟེ་གནས་ཀྱིས་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ལ་རྒྱང་བསྟེན་སྨན་བཅོས་རོགས་རམ་བྱེད་བཞིན་པའི་རྣམ་པ་རེད།

གོང་དཀར་རྫོང་གི་རྫོང་ཁོངས་ཕྱོགས་བསྡུས་སྨན་བཅོས་ལམ་ལུགས་བཅོས་སྒྱུར་ཆ་འཕྲིན་ཅན་རྣམ་གྲངས་ཀྱིས་སྨན་བཅོས་ཞབས་ཞུ་དང་། སྤྱི་སྤྱོད་འཕྲོད་བསྟེན། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བཅས་ཕྱོགས་གསུམ་གྱི་ཐད་ནས་དེ་སྔའི་ཚོད་འཛིན་རྒྱུ་རྐྱེན་གྱི་འགག་གནད་ལས་སྒྲོལ་ཏེ། ཆ་འཕྲིན་སྦྲེལ་མཐུད་དང་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་འཕྲོད་བསྟེན་གཞི་གྲངས་བསྡུ་སྒྲིལ་མཉམ་སྤྱོད་དང་། སྨན་བཅོས་ལས་སྒོ་གོང་འོག་མཐུན་སྦྱོར། མི་དང་རྒྱུ་དངོས་ཟོག་གཅིག་གྱུར་འཁོར་སྐྱོད། སྨན་བཅོས་འགན་བཅོལ་གྱི་བསྡོམས་རྩིས་གཞི་གཅིག་ཅན་བཅས་ཀྱི་རྫོང་ཁོངས་འཕྲོད་བསྟེན་བདེ་ཐང་གི་རྣམ་པ་གསར་བ་མངོན་འགྱུར་བྱུང་ཡོད།

W020220608305467287457.png

པར་འདི་ནི་གོང་དཀར་རྫོང་སྨན་བཅོས་ཞབས་ཞུའི་ཐུན་མོང་ཚོགས་པའི་གཞི་གྲངས་ལྟེ་གནས་ཀྱི་དྲ་རྒྱའི་གཙོ་ངོས་རེད།

མིག་སྔར། གོང་དཀར་རྫོང་སྨན་བཅོས་ཞབས་ཞུའི་ཐུན་མོང་ཚོགས་པའི་སྡོད་དམངས་ཀྱི་བདེ་ཐང་ཡིག་ཚགས་བཟོ་བའི་ཚད99.02%དང་ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་ཚད90.14%སླེབས་ཡོད། ཞབས་ཞུའི་ཐད་དྲ་སྦྲེལ+དྲ་ཐོག་དང་ཡུལ་དངོས་ཕན་ཚུན་མཉམ་འདྲེས་ཀྱི་གསར་སྐྲུན་རྣམ་པ་ཆགས་ནས་སྡོད་དམངས་ཀྱི་བདེ་ཐང་ཐོབ་སྣང་མཐོར་འདེགས་སུ་བཏང་བ། དོ་དམ་ཐད་སྨན་བཅོས་སྒྲིག་གཞིའི་ཞིབ་ཚགས་ཅན་དང་རིག་ལྡན་ཅན་གྱི་དོ་དམ་གྲུབ་ཡོད། གོང་དཀར་རྫོང་གི་རྫོང་ཁོངས་ཕྱོགས་བསྡུས་སྨན་བཅོས་ལམ་ལུགས་བཅོས་སྒྱུར་ཆ་འཕྲིན་ཅན་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་བླངས་ཏེ། བོད་ལྗོངས་ས་ཁུལ་གྱི་ཁྱད་ཆོས་ལྶན་པའི་ཚགས་དམ་རྣམ་པའི་སྨན་བཅོས་ཞབས་ཞུའི་ཐུན་མོང་ཚོགས་པའི་རྣམ་པ་རིམ་བཞིན་ཆགས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།