ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་སྒོར་ཁྲི1128བཏང་ནས་གཞི་རིམ་ལ་བཟའ་བཅའ་མྱུར་བཤེར་རླངས་འཁོར་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བཟའ་བཅའི་བདེ་འཇགས་ཀྱི་ལྟ་འདོམས་དེ་བས་ཕན་ནུས་ཆེ་བ་དང་མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”འགན་ལེན་ཏན་ཏིག་བྱ་ཆེད། ཉེ་ཆར། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྒོར་ཁྲི1128བཏང་ནས་གྲོང་ཁྱེར(ས་ཁུལ)7དང་དེ་བཞིན་རྫོང(ཆུས)ཁག་གཅིག་གི་ཁྲོམ་ར་ལྟ་འདོམས་སྡེ་ཚན་ལ་བཟའ་བཅའ་མྱུར་བཤེར་རླངས་འཁོར་བསྡོམས13བཀོད་སྒྲིག་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བཟའ་བཅའ་མྱུར་བཤེར་རླངས་འཁོར་དེ་དག་ནང་གཙང་འཁྲུད་འཕྲུལ་འཁོར་སོགས་མྱུར་བཤེར་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས་གཞི་རིམ་གྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་ལ་ལྟ་འདོམས་ལག་རྩལ་དང་སྔོན་ཐོན་གྱི་ཞིབ་དཔྱད་ཡོ་བྱད་མཁོ་འདོན་བྱས་ཡོད་པ་རེད། བཟའ་བཅའ་མྱུར་བཤེར་རླངས་འཁོར་ནི་སྐོར་སྐྱོད་ཀྱི་བཟའ་བཅའ་བདེ་འཇགས་ཞིབ་དཔྱད་བྱེད་ས་ཞིག་ཡིན་ཞིང་། གཙོ་བོ་གཞི་རིམ་གྱི་རྣམ་ཀུན་ལྟ་སྐུལ་འཐེན་བཤེར་དང་། འཕྲལ་སྡོམ་ཐག་གཅོད། བྱེད་སྒོ་གལ་ཆེན་གྱི་བཟའ་བཅའ་བདེ་འཇགས་འགན་ལེན་སོགས་ཀྱི་ཐད་སྤྱོད་ཀྱི་ཡོད་པ་དང་། “སྐོར་སྐྱོད་ཞིབ་དཔྱད་ཁང་གི”ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བཟའ་བཅའ་རྫུན་ལྷད་ཞན་གསུམ་དང་ཁྲིམས་འགལ་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པར་ལག་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།