ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཏང་དར་མཐའ་མཚམས་སུ་ལྷབ་ལྷུབ་ཏུ་གཡོ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

——ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལ་རྒྱབ་ཤང་གི་ཏང་ཡོན་གྱིས་གདོང་ལེན་དཔེ་བཟང་གི་ནུས་པ་བཏོན་པའི་སྐོར་གྱི་མཐོང་ཐོས།

“ཁྱེད་ཚོ་གཞོན་ནུ་ཚོས་ལ་རྒྱབ་གྲོང་ཚོའི་དེ་སྔའི་རྣམ་པ་གང་འདྲ་ཡོད་མེད་བསམ་ཡུལ་ལས་འདས་སྲིད། གཡང་གཟར་བྲག་རིའི་གསེབ་ཀྱི་ལམ་བུ་དོག་ལ་རིང་བས་འགྲོ་རིམ་བཞིན་སེམས་བཀྱག་ནས་འགྲོ་དགོས་ཀྱི་ཡོད། ད་ཆ་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཁྱིམ་གྱི་སྒོ་རྩར་བསྐྲུན་ཡོད་པས་ལྷོ་ཁ་གྲོང་ཁྱེར་དུ་རླངས་འཁོར་བསྡད་ནས་ཤར་རེར་སྐྱོད་ཐུབ་ཀྱི་ཡོད”ཅེས་ལོ་70ལྷག་ཙམ་ལ་སླེབས་པའི་ཏང་ཡོན་རྒན་གྲས་རིག་འཛིན་ནོར་བུས་བཤད།

“ད་ཆའི་འཚོ་བ་དངོས་གནས་ཡག་པོ་རེད། ཏང་ཀྲུང་དབྱང་གིས་ང་ཚོར་ཐུགས་ཁུར་ཟབ་མོ་གནང་ཞིང་། ཕྲུ་གུ་སློབ་གྲྭར་སྐྱོད་པ་ནས་རྒན་རྒོན་ནད་གཞི་ལྟ་བའི་བར་ཚང་མར་གཟིགས་སྐྱོང་སྲིད་ཇུས་ཡོད་པ་མ་ཟད། ད་དུང་ང་ཚོར‘སྤྲོ་ཁང’ཡང་བསྐྲུན་བྱུང་། ན་ནིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆེད་མངགས་བོད་ལྗོངས་སུ་ང་ཚོ་མི་རིགས་ཁག་གི་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བར་ཕེབས་ཡོད། ཀྱེ་མ་ཧོ། བདེ་སྐྱིད་ལྡན་པའི་བྱ་བ་ཉིན་འགའ་བརྗོད་ཀྱང་བརྗོད་ཚར་རྒྱུ་མེད”ཅེས་ལ་རྒྱབ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་བསམ་གྲུབ་ཀྱིས་བཤད།

ཆར་པ་སིམ་སིམ་བབས་རྗེས་རི་ཚོགས་ཀྱི་ཁྲོད་དུ་གནས་པའི་གྲོང་ཚོ་དེ་གཙང་ཞིང་ཡིད་དུ་འོང་བ་ཞིག་ཡོད་པ་དང་། ཐོག་དམར་པོ་ཡིན་པའི་ཁང་པ་སྟར་པའི་མདུན་དུ་བཀལ་བའི་སྒོ་བྱང་ཐོག་གི“ང་ནི་གུང་ཁྲན་ཏང་ཡོན་ཡིན”ཞེས་པའི་ཡིག་འབྲུར་མི་རྣམས་དོ་སྣང་བྱེད་རིན་ཡོད་པ་ཞིག་ཡོད།

ལ་རྒྱབ་ཤང་གི་ཏང་ཡོན་ཚང་མའི་ཁྱིམ་གྱི་སྒོ་འགྲམ་དུ་སྒོ་བྱང་འདི་ལྟ་བུ་ཡོད། ལ་རྒྱབ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀུའུ་ཧྲེ་ཁྲའོ་ཡིས“གུང་ཁྲན་ཏང་ཡོན་གྱིས་རང་ཉིད་ཀྱི་ཐོབ་ཐང་གསལ་པོ་བཏོན་ནས་མཐའ་མཚམས་སྲ་བརྟན་དང་འབབ་འཕར་ཕྱུག་འགྱུར་སོགས་ཐད་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཏེ་རང་འགུལ་ངང་མང་ཚོགས་ལ་བྱ་བ་ཡག་པོ་སྒྲུབ་པ་དང་དཀའ་གནད་སེལ་དགོས”ཞེས་བཤད།

ལ་རྒྱབ་ཤང་གི་ཡུལ་མི་ཚང་མར་གོམས་གཤིས་འདི་འདྲ་ཞིག་འཇགས་ཡོད་དེ། དོན་དག་ཡོད་ཚེ་སྒོ་བྱང་བཀལ་བའི་ཁྱིམ་དུད་འཚོལ་རྐྱང་བྱེད་པ་འདི་རེད།

འདི་ལོའི་ཟླ་བ་གཉིས་པར་ལ་རྒྱབ་གྲོང་ཚོར་གློ་བུར་དུ་གངས་ཆེན་པོ་བབས་ནས་ལ་རྒྱབ་གྲོང་ཚོ་ནས་བྱི་ལི་ཕུག་གྲོང་ཚོར་སྐྱོད་སའི་འགྲོ་ལམ་འགགས་པ་དང་ད་དུང་ལམ་དུམ་བུ་ཁག་གཅིག་ཏུ་གངས་སྨི་2ཡན་བབས་ཡོད། ཤང་གི་ཏང་ཡོན་ལས་བྱེད་པས་གྲང་ངར་དང་ཉེན་ཁར་མ་འཛེམས་པར་འཕྲལ་མ་ཉིད་དུ་ཚང་མའི་སྣེ་ཁྲིད་དེ་གངས་འཁྱགས་བཤངས། ཉིན་20ལྷག་ཙམ་འབད་འཐབ་བྱས་པ་བརྒྱུད། སྤྱི་ལེ་50ལྷག་ཙམ་ཡོད་པའི་གྲོང་གསེབ་ཀྱི་མ་ལམ་གཙོ་བོ་དེ་ཤར་གཏོང་ཐུབ་ནས་ཡུལ་མི་ཚོའི་ཕྱིར་སྐྱོད་བདེ་འཇགས་འགན་ལེན་བྱས་པ་རེད།

གངས་ཆེན་པོ་དེས་ཡུལ་མི་ཚེ་རིང་སྒྲོལ་མའི་ཁྱིམ་གྱི་ཤེལ་ཁང་གི་ཐོག་གས་ནས་རྡིབ་ཉེན་ཆེན་པོ་ཡོད། གྲོང་ཚོའི་ཧྲུའུ་ཅི་དང་པོ་བསོད་ནམས་རྡོ་རྗེས་གནས་ཚུལ་དེ་ཤེས་འཕྲལ་གྲོང་ཚོའི་ཏང་ཡོན་སྒྲིག་འཛུགས་བྱས་ནས་མྱུར་བཟོ་བྱས། རྗེས་སུ་ཚེ་རིང་སྒྲོལ་མས་ཡུལ་མི་གཞན་དག་འཕྲད་རིམ་བཞིན་ཁོང་ཚོར“དཀའ་ངལ་འཕྲད་སྐབས་ཏང་ཡོན་བཙལ་ན། དངོས་གནས་སྣང་དག་མི་འདུག”ཅེས་ཤོད་ཀྱི་ཡོད།

བྱ་བ་ཚུང་ཙག་རེ་རེ་ལས་ཏང་ཡོན་དང་མང་ཚོགས་དབར་གྱི་འབྲེལ་བ་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་སོང་བ་དང་། ལ་རྒྱབ་ཤང་གི་ཏང་ཡོན་དང་མང་ཚོགས་ནི་ཉ་ཆུ་ལྟར་འཆམ་མཐུན་མཉམ་གནས་ཡོད་པ་རེད།

ལ་རྒྱབ་ཤང་དུ་ཏང་ཡོན་ཚང་མ་དར་ཆ་ལྟར་རེད། ཏང་ཡོན་ཚོས་སྣེ་ཁྲིད་དེ་རི་སྐོར་རྒྱག་པ་དང་། ནགས་ར་སྲུང་བ། མཐའ་སྲུང་མཐའ་བརྟན། དབུལ་སྐྱོར་དཀའ་སེལ། མཐུན་སྒྲིལ་རོགས་རེས། ལམ་བཟོ་གངས་སེལ་སོགས་བྱེད་ཀྱི་ཡོད། དེ་ཡང་བསྟན་འཛིན་ཕུན་ཚོགས་ཀྱིས་བརྗོད་པ་ལྟར“གལ་ཏེ་རྩ་འཛུགས་ཀྱིས་བཀའ་བཏང་ན། ཏང་ཡོན་ངེས་པར་དུ་མདུན་དུ་ཤོར་དགོས”རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།