ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཨན་ཧུའེ་མིག་ནད་ཚན་ཁག་གི་སྨན་བཅོས་ཚོགས་པས་བོད་ལྗོངས་སུ་འོས་འགན་སྨན་བཅོས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

4.jpg

5.jpg

པར་འདི་དག་ནི་བྱ་འགུལ་གྱི་ཡུལ་དངོས་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས6ཉིན་ནི་རྒྱལ་ཡོངས་ཀྱི“མིག་གཅེས་ཉིན་མོ”ཐེངས27པ་ཡིན་ཞིང་། ད་ལོའི་བརྗོད་དོན་གཙོ་བོ་ནི“ཡོངས་ཁྱབ་ཀྱི་མིག་གི་བདེ་ཐང་ལ་དོ་ཁུར་བྱས་ནས། མིག་གི་བདེ་ཐང་མཉམ་དུ་སྲུང”ཞེས་པ་དེ་རེད། ཉིན་དེའི་ཉིན་གུང་ལ་ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོའི་མིག་ནད་ཚན་ཁག་གི་ཆེད་མཁའ་པས་ཚོགས་པ་དང་ལག་རྩལ་པ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་སྒོ་བསྡུས་ཤང་སློབ་ཆུང་དུ་ཡོང་ནས་དེའི་བྱིས་པ80ལྷག་ལ་རྒྱང་སྒྲིབ་བརྟག་དཔྱད་བྱས།

བརྟག་དཔྱད་ཡུལ་དངོས་སུ་མིག་ནད་ཚན་ཁག་གི་ཆེད་མཁས་པས་སློབ་མ་ཚོར་མིག་ཤེད་ཞིབ་དཔྱད་ཚད་ལེན་དང་། འོད་ཀྱོག་འཐུས་ཚང་ཡིག་ཚགས་བཟོ་བ། རིན་མེད་ངང་མིག་ཤེལ་སྤྲོད་པ་སོགས་ཆེད་ལས་ཞབས་ཕྱི་བྱས་པ་རེད། མིག་ཤེལ་ཐོག་མར་གྱོན་པའི་སློབ་མ་སྐོར་ཞིག་གིས་འཛམ་གླིང་སླར་ཡང་མིག་ལམ་དུ་གསལ་བོར་མངོན་པ་མཐོང་སྐབས་གདོང་ལ་འཛུམ་གྱིས་ཁེངས། ཕྱི་དྲོའི་དུས་ཚོད་བཞི་པ་ཙམ་ལ་མིག་ནད་ཚན་ཁག་གི་ཆེད་མཁས་པ་རྣམས་སླར་ཡང་མཚོ་སྣ་རྫོང་གི་ཆུ་དྲོ་མོ་སློབ་ཆུང་དུ་སོང་ནས་ས་གནས་དེའི་བྱིས་པ280ལྷག་ལ་རྒྱང་སྒྲིབ་བརྟག་དཔྱད་བྱས།

ཤེས་གསལ་ལྟར་ན། ཟླ5བའི་ཚེས29ཉིན་ནས་བཟུང་ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོའི་མིག་ནད་ཚན་ཁག་གི་ཆེད་མཁས་པའི་ཚོགས་པ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་སོང་ནས་དུས་ཡུན་ཟླ་ཕྱེད་ཀྱི“རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་ལ་ཤུགས་བསྣན་ནས། ས་མཐོའི་སློབ་མ་ལ་ཐུགས་ཁུར་གནང་བ”ཞེས་པའི་སྤྱི་ཕན་བྱ་འགུལ་སྤེལ་བ་རེད།

ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོའི་མིག་ནད་ཚན་ཁག་གི་མིག་སྐྱི་དང་མིག་མཐོང་འོད་འོད་ཡ་ཆེད་ལས་ཚན་ཁག་གི་ཀྲུའུ་རེན་ཧྲི་ལེས་ཨན་ཧུའེ་ཡིས་ངོ་སྤྲོད་ལྟར་ན། ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པའི་གདན་ཞུས་ལྟར་ཐེངས་འདིའི་བྱ་འགུལ་གྱིས་ཨན་ཧུའེ་ཞིང་ཆེན་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་ལྷོ་ཁ་གྲོང་ཁྱེར་གྱི་རྫོང་གསུམ་དང་ཆུས་གཅིག་གི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཁྲི་གཅིག་ཙམ་ལ་སྤྱི་ཕན་རྒྱང་སྒྲིབ་བརྟག་དཔྱད་བྱ་རྒྱུ་ཡིན་ཞེས་བརྗོད།

“ཐེངས་འདིའི་བྱ་འགུལ་ལས་ང་ཚོར་དམིགས་བསལ་གྱི་དོན་སྙིང་ལྡན་ཞིང་། གང་ཡིན་ཟེར་ན‘དྲུག་གཅིག’བྱིས་པའི་དུས་ཆེན་ཡིན་ནའང་འདྲ། ཡང་ན་རྒྱལ་ཡོངས་མིག་གཅེས་ཉིན་མོ་ཡིན་ནའང་འདྲ། ང་ཚོས་ཚང་མ་མིག་ཤེད་བརྟག་དཔྱད་ཀྱི་ལས་ཡུལ་དུ་བྲེལ་ཞིང་། མཐོ་སྒང་གི་སློབ་མའི་མིག་ཤེད་བདེ་ཐང་ཆེད་དུ་ལེགས་སྐྱེས་ཕྲན་བུ་འབུལ་ཐུབ་པར་ང་དང་ལས་རོགས་ཚང་མ་དགའ་སྤྲོ་ཚད་མེད་སྐྱེ་པ་ཡིན”ཞེས་ཧྲི་ལེས་དེ་ལྟར་བཤད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།