ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁ་གྲོང་ཁྱེར་ཡོངས་སུ་སྔོན་རྩིས་དོ་དམ་གཞི་གཅིག་ཅན་མངོན་འགྱུར་བྱུང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་སྔོན་རྩིས་དོ་དམ་གཞི་གཅིག་ཅན་སྒྱུར་བཅོས་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། མིག་སྔར། ལྷོ་ཁ་གྲོང་ཁྱེར་གྱི་སྔོན་རྩིས་དོ་དམ་གཞི་གཅིག་ཅན་མ་ལག་རྫོང(ཆུས)12དང་སྔོན་རྩིས་ཚན་པ་950ལ་ཁྱབ་ནས་ས་ཁོངས་ཡོངས་སུ་སྤྱོད་འགོ་ཚུགས་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་གྱི་སྔོན་རྩིས་དོ་དམ་གཞི་གཅིག་ཅན་འཛུགས་སྐྲུན་ན་ནིང་ཟླ་6པ་ནས་བྱེད་འགོ་ཚུགས་ཤིང་། མིག་སྔར་སྔོན་དཔག་དམིགས་ཚད་ཀྱི་ལས་འགན་གྲུབ་ཡོད། སྔོན་རྩིས་དོ་དམ་གཞི་གཅིག་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ནོར་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་རྒྱུ་ནོར་གྱི་ཆ་འཕྲིན་དང་། མ་ལག་སྤྱོད་མཁན། ཚབ་གཉེར་དངུལ་ཁང་། ཚན་པའི་རྩིས་ཁྲ། ཐམ་ག་སོགས་གཞི་རྒྱུ་དང་ཆ་འཕྲིན་ལ་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་། བསྡུ་རུབ། ཞིབ་བསྡུར་བཅས་བྱས་ཏེ་རྨང་གཞིའི་གཞི་གྲངས་ཀྱི་ཆ་ཚང་བའི་རང་བཞིན་དང་། ཡང་དག་པའི་རང་བཞིན། ཕྱོགས་ཡོངས་ཀྱི་རང་བཞིན་བཅས་འགན་ལེན་བྱས་པ་དང་། ནོར་སྲིད་སྡེ་ཚན་གྱིས་བཟོས་པའི་ལས་སྒོའི་ཚད་གཞི་དང་ལག་རྩལ་ཚད་གཞི་གཞིར་བཟུང་། ས་གནས་ས་ཐོག་ཏུ་བཀོལ་རིམ་གསལ་སྟོན་དང་། གློག་ཀླད་དུ་བཀོལ་སྤྱོད། སྟོབས་ཤུགས་གཅིག་སྡུད་ཀྱིས་རྫོང(ཆུས)དུ་གཤམ་སྐྱོད་སོགས་ཀྱི་བྱ་ཐབས་བརྒྱུད་གསོ་སྦྱོང་དུས་ཐེངས་25བྱས་པར་རིམ་རྩིས་བྱས་ན་མི་ཐེངས་1800ལྷག་ཙམ་ཟིན་ཞིང་། རིམ་གཉིས་ནོར་སྲིད་དང་སྡེ་ཚན(ཚན་པ)གྱི་སྔོན་རྩིས་བཟོ་འགོད་དང་། སྔོན་རྩིས་ལག་བསྟར། རྩིས་གཉེར་ཞིབ་རྩིས་སོགས་ཀྱི་ལྷུ་ཚིགས་འབྱུང་རྩ་ནས་གཅིག་གྱུར་དང་ཚད་ལྡན་དུ་བཏང་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།