ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་ཁྲལ་སློག་གཡོ་ལེན་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་བོད་ལྗོངས་ཁྲལ་དོན་རྟོག་ཞིབ་སྡེ་ཚན་གྱིས། ཁྲལ་སློག་གཡོ་ལེན་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གནད་སྨིན་བཏང་ནས། ཁྲལ་སློག་གཡོ་ལེན་གྱི་གྱོད་གཞི་ཁག་གཅིག་ལ་ཞིབ་བཤེར་ཐག་གཅོད་བྱས་པ་མ་ཟད། གྱོད་གཞི་ཁག་8བསྟུད་མར་ཡོངས་བསྒྲགས་དམར་འདོན་བྱས་ནས་ཁྲལ་སློག་གཡོ་ལེན་གྱི་དངུལ་སྒོར་ཁྲི་200ལྷག་ཙམ་ཞིབ་བཤེར་ཐག་གཅོད་ཐུབ་ནས། ཁྲལ་སློག་གཡོ་ལེན་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བའི་བརྡ་རྟགས་དྲག་པོ་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཁྲལ་སློག་གཡོ་ལེན་གྱི་ཁྲིམས་འགལ་བྱེད་སྤྱོད་འདིར་རྡུང་རྡེག་གཏོང་ཆེད། རིམ་ཁག་རྟོག་ཞིབ་སྡེ་ཚན་ཚང་མས་རྟོག་ཞིབ་ལས་དོན་ཆེད་སྒྲུབ་ཚན་ཁག་བཙུགས་ནས། རིམ་པ་མང་བ་དང་ཕྱོགས་བསྡུས་ཅན་གྱི་གྱོད་ཁུངས་དོ་དམ་མ་ལག་དང་གྱོད་གཞི་མྱུར་བཤེར་མཉམ་བཤེར་གྱི་ལས་དོན་ལམ་སྲོལ་བཙུགས་ཏེ་འཕར་རྫུའི་ཡོང་སྒོ་དང་། ཡོང་འབབ་སྦ་གསང་། རེ་འདུན་རྫུན་མ། དེ་བཞིན་གཡོ་ཇུས་གཞན་ལ་བརྟེན་ནས་ཁྲལ་སློག་གཡོ་ལེན་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་དམིགས་ནས“མགོ་བུད་མ་ཐག་རྡུང་རྡེག་གཏོང་བ་དང་། སྔ་ཙམ་དང་ཆུང་ས་ནས་རྡུང་རྡེག་གཏོང་བ། རྡུང་རྡེག་ནན་པོ་དང་གནད་སྨིན་གཏོང་བ”བཅས་བྱས་ཡོད།

རང་སྐྱོང་ལྗོངས་ཁྲལ་དོན་ཅུས་རྟོག་ཞིབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། མིག་སྔར་གཞི་ཁྱོན་ཆེ་བའི་ཁྲལ་སློག་སྲིད་ཇུས་ཀྱི་དོན་འཁྱོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླེབས་པས། ཁྲལ་སློག་གཡོ་ལེན་ལ་རྡུང་རྡེག་ཚ་ནན་གཏོང་བ་ནི་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཁྲལ་སློག་སྲིད་ཇུས་ཀྱི་ཁེ་སྤོགས་ཀྱི་ཕན་འབྲས་དངོས་འདོན་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད་ཅེས་བཤད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།