ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

གཞིས་ཀ་རྩེས་ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱ་རྒྱུ་ཡིན་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། གཞིས་རྩེ་གྲོང་ཁྱེར་གྱིས་ཤེས་ལྡན་པ་བསྡུ་ཐབས་དང་གསོ་སྐྱོང་བྱེད་ཐབས་གསར་གཏོད་བྱས་ནས《གཞིས་རྩེ་གྲོང་ཁྱེར་གྱི་ཚན་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་སྤྱོད་དང་ཚན་རྩལ་རྣམ་གྲངས་ཀྱི“ཁས་ལེན་གཙོ་འགན”ལམ་ལུགས་ཀྱི་ལས་ཀའི་ཇུས་གཞི》བཏོན་ཏེ། ལག་རྩལ་འགག་སྒྲོལ་རིགས་ཀྱི་རྣམ་གྲངས་དང་གྲུབ་འབྲས་གཞན་སྒྱུར་རིགས་ཀྱི་རྣམ་གྲངས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུ་རེད།

ད་ཐེངས་ཀྱི“ཁས་ལེན་གཙོ་འགན”ལམ་ལུགས་ལ་ཆེད་དངུལ་བཀོད་སྒྲིག་བྱས་ཤིང་། རྣམ་གྲངས་འཛུགས་པའི་ལས་རིམ་མཇུག་འགྲིལ་རྗེས་ཁས་ལེན་བྱེད་མཁན་དེ་བྱ་གཞག་ཚན་པ་ཡིན་རིགས་ལ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནོར་སྲིད་ཀྱི་རྒྱབ་སྐྱོར་མ་དངུལ་སྤྲོད་ཐེངས་གཅིག་ལ་སྤྲོད་རྒྱུ་དང་། ཁས་ལེན་བྱེད་མཁན་ཁེ་ལས་ཡིན་རིགས་ལ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དུས་འགོར་ནོར་སྲིད་ཀྱི་རྒྱབ་སྐྱོར་མ་དངུལ་60%སྤྲོད་རྒྱུ་དང་རྣམ་གྲངས་ལ་ཕྱོགས་བསྡུས་ལས་རྗེས་གདེང་འཇོག་ཐོབ་རྗེས40%སྤྲོད་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱིས་ད་ཐེངས་ཀྱི“ཁས་ལེན་གཙོ་འགན”ལམ་ལུགས་ཀྱི་ཤེས་ལྡན་པ་བསྡུ་བའི་ལས་དོན་སྤེལ་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུར་བཏོན་པའི་ཕྱོགས་བརྒྱད་ཀྱི་གཙོ་གནད་ལས་དོན་ལ་དམ་པོར་དམིགས་ཏེ། ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཤུགས་རྒྱག་ས་གནད་ལ་འཁེལ་པོས་འཚོལ་བ་དང“རྣམ་གྲངས་དང་ཤེས་ལྡན་མི་སྣ་ཟུང་དུ་འབྲེལ་བའི”རྣམ་པའི་ཐོག་ནས་གཞིས་རྩེའི་མིག་སྔའི་འཕེལ་རྒྱས་གཏོང་རིང་གནས་པའི་འགག་རྩའི་ལྟེ་བའི་ལག་རྩལ་གྱི་དཀའ་གནད་ཐག་གཅོད་བྱས་ཏེ་ཚན་རྩལ་རྣམ་གྲངས་ཀྱི་གསར་གཏོད་མཁོ་སྤྲོད་ནུས་པ་སྔར་བས་ཆེ་རུ་བཏང་ནས། གཞིས་རྩེ་གྲོང་ཁྱེར་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཚན་རྩལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།