ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་རྒྱུར་སྐུལ་འདེད་བཏང་བར་ཕན་འབྲས་ཐོན་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར། བོད་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ལས་ཀའི་གཙོ་རྐང་ལ་དམིགས་པ་དང་། ལས་འགན་གཙོ་བོའི་འགན་འཁྲི་གཅིག་སྡུད་བྱེད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། སྤྱོད་ཚུལ་ལེགས་གཏོང་ལ་དམ་འཛིན་བཅས་དང་། སྤྱོད་ཚུལ་བཟང་པོ་དར་སྤེལ་དང་། དངོས་འཛིན་དངོས་སྒྲུབ་ལ་བརྩི་མཐོང་། འབད་འབུངས་ཡར་བརྩོན་གྱི་མཉམ་ཤུགས་གཅིག་སྡུད་ཆགས་པ་བཅས་སྔར་བས་བྱས་ཏེ་ཏང་ཡོན་ལས་བྱེད་པས“དཔེ་སྟོན་དྲུག”ལག་ལེན་བསྟར་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་།“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”དམ་བཟུང་བྱས་ནས་དཔའ་ངར་ཆེན་པོས་མདུན་སྐྱོད་དང་རང་འགན་ཐེག་པ་ཁུར་ལེན་བྱས་པ་རེད།

ཉིན་ཤས་གོང་། གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་གྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉིང་ཁྲི་གྲོང་ཁྱེར་གྱི་སྡེ་ཚན་ཁག་གིས་སྤྱོད་ཚུལ་ཞིབ་བཤེར་དང་། འགན་འཁྲི་ཞིབ་བཤེར། སྐྱོན་ཆ་ཞིབ་བཤེར། དོན་འཁྱོལ་ཞིབ་བཤེར་བཅས་ཀྱི་ལས་དོན་ནན་ཏན་ངང་སྤེལ་ནས་རྒྱུན་འཁྱོངས་ལྷོད་མེད་ངང་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ཏེ་དོན་འཁྱོལ་ལ་སྐུལ་འདེད་གཏོང་ཤུགས་སྔར་བས་ཆེ་རུ་དང་ཕན་འབྲས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

ཉིང་ཁྲིའི་མི་སྤྱི་སྡེ་ཚན་གྱིས་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཀའི་ཕན་འབྲས་ལ་དམ་འཛིན་ཤུགས་ཆེན་བྱས་ཤིང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ཤུགས་ཆེན་སྤེལ་བ་ནས་བཟུང་། ཉིང་ཁྲིའི་མི་སྤྱི་སྡེ་ཚན་གྱིས་སྤུས་ཚད་དེ་བས་མཐོ་བ་དང་ལས་ཞུགས་དེ་བས་མང་བའི་དམིགས་ཚད་མངོན་འགྱུར་ཡོང་བར་དམིགས་ཏེ་ཐག་ཉེ་ས་དང་ས་གནས་དེ་རང་དུ་ལས་ཞུགས་སྟབས་བདེ་ཡོང་བ་དང་། ཁྲོམ་རའི་ལས་ཞུགས་དང་རང་བརྟེན་ལས་གཏོད། ས་ཁོངས་སྒྲོལ་ནས་ལས་ཞུགས་གཞན་སྒྱུར་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ས་ཁུལ་དེ་གའི་དབུལ་སྒྲོལ་མི་འབོར་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་དང་དབུལ་སྒྲོལ་བརྟན་པོ་མ་བྱུང་བའི་དུད་ཚང་། མཐར་ལུས་ཀྱི་དབུལ་པོར་འགྱུར་སླ་བའི་དུད་ཚང་སོགས་ལ་ལས་ཞུགས་རོགས་སྐྱོར་མུ་མཐུད་ཡག་པོ་བྱ་རྒྱུ་རེད། ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཐང་ཁག་དུས་ཐོག་དང་གྲངས་ཚང་ངང་སྤྲད་ཅིང་། “ངེས་པར་དུ་བརྒྱད”དང“དཔེ་སྟོན་དྲུག”གི་བླང་བྱ་དང་ཡང་ཡང་བསྡུར་ནས་སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཐང་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ་འགན་བཅོལ་ནང་ཞུགས་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ཡོད། དུས་ཚིགས་དང་པོར་གྲོང་ཁྱེར་ཡོངས་སུ་རིམ་རྩིས་བྱས་ན་རྒན་གསོའི་དངུལ་སྒོར་ཁྲི་18880སྤྲད་པ་དེ་རྒན་ཡོལ་ཞུས་པའི་མི་སྣ་21887དང་འབྲེལ་བ་ཡོད་པ་རེད།

རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“ངེས་པར་དུ་བརྒྱད”དང་། “དོན་འཁྱོལ་དམ་འཛིན་བརྒྱད” “དཔེ་སྟོན་དྲུག” “ཞིབ་བཤེར་བཞི་དང་འདྲི་རྩད་བཞི”བཅས་ལ་དམིགས་ནས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུ་དེ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་ཀའི་རྣམ་གྲངས་ཅན་དང་། གསལ་ཐོ་ཅན། འགན་འཁྲི་ཅན་བཅས་ཀྱི་དཔེ་དབྱིབས་ཁྱབ་སྤེལ་གཏོང་བ། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལམ་ལུགས་ཅན་དང་ཚད་ལྡན་ཅན་དུ་འགྱུར་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ཏང་ཡོན་དང་ལས་བྱེད་པའི་སྤྱོད་ཚུལ་རྒྱུན་མཐུད་ངང་འགྱུར་ལྡོག་གཏོང་བ། འགན་འཁྲིའི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་གཏོང་བ། དོན་འཁྱོལ་སྔར་བས་ནུས་ལྡན་བྱེད་པ། ཞབས་ཞུ་རིམ་སྤོར་ཏན་ཏིག་བྱེད་པ་བཅས་ལ་སྐུལ་འདེད་བཏང་བ་རེད།

རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཡོངས་ཀྱི་ཇུས་འགོད་ལ་སྣང་ཆེན་བྱས་ནས་གོང་འོག་མཉམ་འགུལ་གྱིས་བློ་ཁ་ཕྱོགས་ཤུགས་ཆེ་རུ་བཏང་ཞིང་། ཏང་ཙུའུ་ཡི་བྱེད་པོའི་འགན་འཁྲི་དང་། “འགན་འཁུར་བ་ཨང་དང་པོའི”འགན་འཁྲི། ལས་བགོས་འགོ་ཁྲིད་པའི“ཐད་ཀའི་འགན་འཁུར་བའི”འགན་འཁྲི། ཚན་ཁག་གི་ཁོངས་མིའི“ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་འགན་འཁྲི་བཅས་ཁ་གསལ་བཟོས་པ་དང་། འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་འགན་འཁྲི་ཁ་གསལ་བཟོས་ཏེ་མི་སྣ་ཁག་བགོས་ཞིབ་ཚགས་སུ་བཏང་ནས་འགན་འཁྲི་མི་ཐོག་ཏུ་འཁྱོལ་བ་བྱས་པ། ཏང་ཀྲི་པུའུ་ཁག་དང་སྡེ་ཚན་ཁག་གི་འགན་འཁུར་བ་གཙོ་བོའི་འགན་འཁྲི་ཁ་གསལ་བཟོས་ཏེ་འགན་འཁྲིའི་དོ་དམ་འཐུས་སྒོ་ཚང་དུ་གཏོང་བ་དང་། ནུས་པ་འདོན་ཤུགས་ཆེར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་དམིགས་པ། འགན་འཁྲི་མི་འཁུར་བ་དང་། དགོས་པའི་ལས་མི་བྱེད་པ། ལས་འགྱངས་གཏོང་བ། མི་དགོས་ལས་རྙོག་བཟོ་བ། བྱས་རྗེས་འཇོག་ཁུལ་བྱེད་པ་སོགས་ཀྱི་སྣང་ཚུལ་རྩ་བའི་ཐོག་ནས་མེད་པར་བཟོས་ཏེ་གཟབ་ནན་དང་། དངོས་སྒྲུབ། ལས་ཆོད་ཆེ་བ་བཅས་ཀྱི་ལས་ཀའི་སྤྱོད་ཚུལ་ཆགས་པར་སྐུལ་འདེད་བཏང་བ་རེད། ལས་ཁུངས་ཀྱི་ཏང་ཀྲི་པུའུ་སྒྲིག་འཛུགས་བྱས་ནས“སྤྱོད་ཚུལ་ལ་ཇི་ལྟར་ལྟ་བ་དང་ལས་དོན་ཇི་ལྟར་སྒྲུབ་པའི”གྲོས་བསྡུར་ཆེན་པོ་བྱས་ནས“ཞིབ་བཤེར་བཞི་དང་འདྲི་རྩད་བཞིར”དམིགས་ཏེ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་གྱི་ཆེད་དོན་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་འཚོགས་ནས་སྙིང་གཏམ་ཤོད་རེས་རྒྱ་ཁྱབ་བྱེད་པ་དང་། འབྲེལ་གཏུག་སྤེལ་རེས་གཏིང་ཟབ་དང་། བསམ་བློའི་ངོས་འཛིན་གཅིག་མཐུན་ཟབ་ཏུ་གཏོང་བ། ཕན་ཚུན་གནད་དོན་བཙལ་འཚོལ་བྱེད་པ། ཐུན་མོང་ཐོག་ལས་དོན་ལ་དཔྱད་བསྡུར་བཅས་བྱས་པ་རེད། རྩ་འཛུགས་ཀྱིས་རོགས་རམ་དང་། ལས་རོགས་ཀྱིས་བསམ་འཆར་འདོན་པ། རང་ཉིད་ཀྱིས་འཚོལ་བ་བཅས་བྱས་པ་བརྒྱུད་ཏང་ཡོན་གྱིས་དམིགས་ཡུལ་འདུ་ཤེས་དང་། རང་འགན་གཙང་སྒྲུབ། འཇུར་མིག་ཚོད་འཛིན། དངོས་འཛིན་དངོས་སྒྲུབ་སོགས་ཐད་ཀྱི་ཞན་ཆར་ཞིབ་ལྟ་དང་དབྱེ་ཞིབ་གཏིང་ཟབ་བྱས་ནས་མི་སྒེར་གྱི་གནད་དོན་གསལ་ཐོ་34གྲུབ་པ་དང་གནད་དོན་30ལྷག་ཙམ་འཚོལ་ཞིབ་བྱས་པ་དང་འབྲེལ། ལྷག་པའི་གནད་དོན་གྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་གནད་དོན་འཕྱུགས་མེད་བཙལ་ནས་དེར་དམིགས་ཏེ་བཅོས་སྒྲིག་བྱ་ཐབས་ཀྱང་བཟོས་པ་རེད།

2022ལོའི་ལོ་འགོར། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཞིབ་དཔྱོད་ཁང་གིས་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་སྒྲུབ་སྐབས། མང་ཚོགས་ཀྱིས་བཏོན་པའི་ཁུངས་སྣེ་གཞིར་བཟུང་། ལྷུན་གྲུབ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ལས་འགན་དུས་ཐོག་ཏུ་མ་བསྒྲུབས་པའི་རྐྱེན་གྱིས་སྦྲུམ་མ་སྨན་ཁང་དུ་བསྡད་དེ་ཕྲུ་གུ་བཙའ་བའི་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་དང་། སྦྲུམ་མ་སྐྱེལ་བ་དང་སྔ་སྣུར་དུ་ཕྲུ་གུ་བཙའ་རྒྱུར་སྒུག་པའི་ཁ་གསབ་རོགས་དངུལ་དུས་ཐོག་ཏུ་སྤྲད་མེད་པ་དང། གཉེར་ཟིན་པའི་ཕྲུ་གུ་བཙའ་རྒྱུར་སྒུག་པའི་ཁ་གསབ་རོགས་དངུལ་སྤྲད་ཀྱང་ཡོངས་བསྒྲགས་བྱས་མེད་པ་དང་ལྟ་སྐུལ་ལས་དོན་སྤེལ་མེད་པ་སོགས་ཀྱི་གནད་དོན་ཤེས་རྟོགས་བྱུང་རྗེས་སྲིད་འཛིན་ཁྲིམས་འགལ་བྱེད་སྤྱོད་ཀྱི་ལྟ་སྐུལ་ལྟར་གྱོད་ཁོངས་སུ་བཅུག་པ་རེད། ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་རྗེས། ཁྲིམས་ལྟར་ལྷུན་གྲུབ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ལ་ཞིབ་དཔྱོད་གྲོས་འགོ་བཏོན་ཏེ་ཞིང་འབྲོག་མང་ཚོགས་ཀྱི་སྦྲུམ་མར་ཕྲུ་གུ་སྐྱེ་བའི་བྱ་དགའི་ཁ་གསབ་རོགས་དངུལ་དུས་ཐོག་ཏུ་སྤྲོད་པ་དང་། འབྲེལ་ཡོད་ཀྱི་དམངས་ཕན་སྲིད་ཇུས་ཀྱི་ཁ་གསབ་རོགས་དངུལ་དང་དེ་སྤྲོད་པའི་ལས་དོན་ལ་ཁྱོན་ཡོངས་ནས་གཙང་བཤེར་བྱེད་པ་དང་འབྲེལ་ལག་བསྟར་ཞིབ་སྲོལ་བཟོ་བ་དང་། ཁ་གསབ་སྤྲོད་པའི་དུས་ཚད་ཁ་གསལ་བཟོ་བ། ལས་ཀའི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། སྤྲད་ཟིན་པའི་ཕྲུ་གུ་བཙའ་རྒྱུར་སྒུག་པའི་ཁ་གསབ་རོགས་དངུལ་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ནས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་ཞུས་ཏེ་ཕྱི་གསལ་ནང་གསལ་དང་། ཡོངས་བསྒྲགས། ཀུན་བསྒྲགས་བཅས་ཀྱི་སྲིད་འཛིན་འགན་འཁྲི་དང་ལེན་བྱས་པ་རེད།

བོད་ལྗོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་རང་འགུལ་ངང་འགན་ནུས་སྒྲུབ་པ་དང་འགན་འཁྲི་འཁུར་ཕོད་པ་བྱས་ནས“ངས་དོ་དམ་བྱེད་པ”ནས“ཚང་མས་དོ་དམ་བྱེད་པར”སྐུལ་འདེད་གཏོང་བ་དང་། སེམས་ནུས་ཡོད་རྒུ་བཏོན་ནས་ཞིང་འབྲོག་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། སྲིད་འཛིན་ལས་ཁུངས་ཀྱི་ཁྲིམས་འགལ་བྱེད་སྤྱོད་དུས་ཐོག་ཏུ་ཡོ་བསྲང་བྱེད་པ། ཞུ་གཏུག་གི་འབྱུང་ཁུངས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་བཏང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།