ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་བྱ་ཐབས་གསར་བ15བཏོན་ནས་རྒན་གསོའི་ཞབས་ཞུར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི《རྒན་གསོའི་ཞབས་ཞུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང《རྒན་གསོའི་ཞབས་ཞུའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས་རྒན་གསོའི་ཞབས་ཞུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》གཞིར་བཟུང་། ཉེ་སྔོན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས《རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། 《བྱ་ཐབས》ལ་བསྡོམས་པས་འཕེལ་རྒྱས་ཀྱི་དམིགས་ཚད་དང་། ལས་འགན་གཙོ་བོ། འགན་སྲུང་བྱ་ཐབས་བཅས་ཁག་ཆེན་པོ་གསུམ་དང་བྱ་ཐབས15རུ་དབྱེ་ཡོད། བོད་ལྗོངས་འདི་ཉིད་མི་འགྱངས་བར་བགྲེས་སོང་ཅན་དུ་འགྱུར་བའི་གནས་བབ་དང་ཁྱད་ཆོས་ལ་དམ་པོར་དམིགས་ཏེ། གཙོ་བོ་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་རྒན་གསོའི་ཞབས་ཞུའི་མ་ལག་བཏོད་པ་དང་། རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། དམིགས་བསལ་དཀའ་ངལ་ཡོད་པའི་མིར་གཅིག་སྡུད་བསྙེན་བཀུར་བྱེད་པའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་བ། ད་ཡོད་ཀྱི་རྒན་གསོའི་ཞབས་ཞུའི་བྱེད་ཐབས་དང་བཅོས་སྒྱུར་གྱི་ཚོད་ལྟའི་བྱེད་ཐབས་ཁྱབ་གདལ་གཏོང་བ། ཐོན་ཁུངས་བསྡུ་སྒྲིལ་གྱིས་རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ཐད་བཀོད་སྒྲིག་ཞིབ་ཚགས་བྱས་ནས། 2025ལོར་བསླེབ་སྐབས་ལྗོངས་ཡོངས་ཀྱི་རྒན་གསོའི་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་སྤུས་ཚད་མཐོ་རུ་འགྲོ་བ་དང་ཕན་འབྲས་ཆེ་རུ་གཏོང་བར་བརྩོན་ལེན་བྱ་རྒྱུ་ཡིན་ལ། དེ་དང་ཆབས་ཅིག རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་དྲིལ་སྒྲོག་ཁྲིད་སྟོན་བྱེད་ཚད་ཇེ་དྲག་ཏུ་གཏོང་བ། དཔྱད་ཞིབ་ལ་ལྟ་སྐུལ་བྱེད་པར་དོ་སྣང་སོགས་ཀྱི་ཐད་འབྲེལ་ཡོད་བླང་བྱ་བཏོན། 

《བྱ་ཐབས》ནང་མིག་སྔའི་བོད་ལྗོངས་ཀྱི་རྒན་གསོའི་ཞབས་ཞུའི་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱ་ཐབས་གཙོ་བོ་བཞི་བཏོན་པ་སྟེ། རིམ་པ་མང་བའི་རྒན་གསོའི་ཞབས་ཞུ་མཁོ་འདོན་བྱས་ནས་མས་སྐྱོར་རང་བཞིན་གྱི་རྒན་གསོའི་ཞབས་ཞུ་མུ་མཐུད་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག ཁྱིམ་སྡོད་དང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུ་རིམ་གྱིས་རྒྱ་ཆེར་གཏོང་བ་དང་། གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུ་འཚོལ་ཞིབ་བྱས་ནས་འཕེལ་རྒྱས་གཏོང་བ། མཐོ་སྒང་གི་ཁྱད་ལྡན་རྒན་གསོའི་ཞབས་ཞུ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ། རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་བཏང་སྟེ་སྨན་བཅོས་དང་ཁམས་གསོ་མཉམ་འདྲེས་འཕེལ་རྒྱས་དང་རིག་ལྡན་རྒན་གསོའི་ཞབས་ཞུར་སྐུལ་འདེད་བཏང་ནས། རྒན་གསོའི་ཞབས་ཞུའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། རྒན་གསོའི་ཞབས་ཞུ་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་འཛུགས་པར་འཇུག་འཐུས་ཀྱི་སྟབས་བདེ་སྐྲུན་པ་དང་། རྒན་གསོའི་ཞབས་ཞུ་འཛུགས་སྐྲུན་རྣམ་གྲངས་ཀྱི་ས་སྤྱོད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ། རྒན་གསོའི་ཞབས་ཞུའི་འགྲོ་གྲོན་ཐད་ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྒན་གསོའི་ཞབས་ཞུ་དོན་འཁྱོལ་ལ་ལྟ་སྐུལ་བྱེད་པ་དང་། གཞུང་བཙུགས་རྒན་གསོའི་སྒྲིག་གཞི་དང་གཞུང་སྐྲུན་དམངས་གཉེར་རྒན་གསོའི་སྒྲིག་གཞིའི་མས་སྐྱོར་འགན་ལེན་ནུས་པ་གང་ལེགས་བཏོན་ཏེ། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མིར་གཅིག་སྡུད་བསྙེན་བཀུར་བྱེད་པའི་དགོས་མཁོ་སྐོང་བའི་སྔོན་འགྲོའི་ཆ་རྐྱེན་འོག གཞུང་བཙུགས་རྒན་གསོའི་སྒྲིག་གཞིའི་སྤྱི་ཕན་ངོ་བོ་མཐའ་འཁྱོངས་ཀྱིས་འགན་ལེན་ཁྱབ་ཁོངས་གཏན་འཁེལ་བྱེད་པ་དང་། ཉལ་ཁྲི་ལྷག་མ་སྤྱི་ཚོགས་ལ་མཁོ་འདོན་བྱས་ནས་རྒན་གསོའི་འདུ་ཤེས་ལ་རིམ་གྱིས་འགྱུར་ལྡོག་གཏོང་རྒྱུ་བཅས་རེད།

《བྱ་ཐབས》ནང2025ལོར་བསླེབ་སྐབས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་གཞི་རྩའི་རྒན་གསོའི་ཞབས་ཞུ་གཞི་རྩའི་ཆ་ནས་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱེད་པ་དང་། ཞིང་སྡེའི་སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ལ་རྒན་གསོ་ཞབས་ཞུའི་ནུས་པ་ལྡན་པ། ཞིང་སྡེའི་བདེ་སྐྱིད་གླིང་སོགས་ཕན་ཚུན་རོགས་རེས་ཀྱི་རྒན་གསོའི་སྒྲིག་བཀོད་འཚོལ་ཞིབ་འཛུགས་སྐྲུན་བྱས་ནས། རྒན་རྒོན་གྱི་ཐུགས་ཁུར་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བརྩོན་ལེན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒན་གསོའི་ཞབས་ཞུ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུའི་བླང་བྱ་དོན་འཁྱོལ་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ཉིན་རེར་འཕར་བའི་རྒན་གསོའི་ཞབས་ཞུའི་དགོས་མཁོ་སྐོང་དགོས་པ་བསྟན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།