ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ནི་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་2ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར《2021ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་གྱི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་ཤིང་། དེའི་ནང་ཆུ་དང་། རླུང་ཁམས་ཆེ་མོ། ས་རྒྱུ། སྐྱེ་ཁམས། སྒྲ འགྱེད་འཕྲོ། ནགས་ཚལ། ན་ཁ། འདམ་ར། སྐྱེ་དངོས་སྣ་མང་རང་བཞིན་སོགས་ཀྱི་གཞི་རྩའི་གནས་ཚུལ་ཚུད་ཡོད། སྤྱི་བསྒྲགས་ནང་2021ལོའི་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་གནས་ཚུལ་སྤྱིར་ན་བརྟན་པོ་ཡོད་པ་དང་། བོད་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན་པ་མངོན་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། 2021ལོར་ལྗོངས་ཡོངས་ཀྱི་གཙང་པོ་དང་མཚེའུ་གཙོ་བོའི་ཆུའི་སྤུས་ཚད་སྤྱི་ཡོངས་ནས་ལེགས་པོ་རྒྱུན་འཁྱོངས་ཐུབ་སྟེ། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་དེ་མཚུངས་ཆུ་ཁོངས་ཁོར་ཡུག་གི་སྤུས་ཚད་ཚད་གཞིར་སླེབས་ཡོད་པ་རེད། རྫ་ཆུ་དང་། འབྲི་ཆུ། ཡར་ཀླུང་གཙང་པོ། རྒྱལ་མོ་རྔུལ་ཆུ་བཅས་ཀྱི་ཆུའི་སྤུས་ཚད་དེ《ས་ངོས་ཆུའི་ཁོར་ཡུག་གི་སྤུས་ཚད་ཚད་གཞིའི》རིགས་Ⅱལ་སླེབས་པ་དང་། ལྷ་ས་སྐྱིད་ཆུ་དང་། མྱང་ཆུ། ཉང་ཆུ་སོགས་གྲོང་ཁྱེར་དང་གྲོང་རྡལ་གལ་ཆེན་དུ་བཞུར་བའི་གཙང་པོའི་ཆུའི་སྤུས་ཚད་དེ་རིགས་Ⅱདང་དེ་ཡན་གྱི་ཚད་གཞིར་སླེབས་པ། ཇོ་མོ་གླང་མ་ནས་འབབ་པའི་རོང་ཕུ་གཙང་པོའི་ཆུའི་སྤུས་ཚད་དེ་རིགས་Ⅰལ་སླེབས་ཡོད། ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)བདུན་གྱི་སྲིད་འཛིན་ཀུང་ཧྲུའུ(མི་དམངས་སྲིད་གཞུང)གནས་སའི་གྲོང་ཁྱེར་དང་གྲོང་རྡལ་21གི་གཅིག་སྡུད་རྣམ་པའི་འཚོ་བའི་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་ཚང་མ་རིགས་Ⅲལ་སླེབས་ཡོད།

སྤྱི་བསྒྲགས་ནང་2021ལོའི་ལོ་མཇུག་བར། ལྗོངས་ཡོངས་སུ་རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་47བཙུགས་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་34.35%བཟུང་ཡོད། ལྗོངས་ཡོངས་སུ་ད་ལྟ་ནགས་ཚལ་སྤྱི་ཆིང་ཁྲི་1491ཡོད་པ་དང་ནགས་ཚལ་ཁྱབ་ཚད་12.31%ཟིན་ཡོད། བོད་དུ་ཐོ་འགོད་བྱས་པའི་རི་སྐྱེས་རྩི་ཤིང་རིགས་9600ལྷག་ཙམ་ཡོད་པའི་ནང་རྒྱལ་ཁབ་རིམ་པའི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་རྩི་ཤིང་རིགས་152ཡོད། སྲོག་ཆགས་ཀྱི་རིགས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་དང་། 《སྟོངས་ཉེའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་ཀྱི་རྒྱལ་སྤྱིའི་ཚོང་དོན་སྤྱི་ཆིངས》ཀྱི་ཞར་བྱུང་ནང་བཀོད་པའི་སྲོག་ཆགས་རིགས་162ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།