ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་ས་གནས་ཁག་ཏུ“དྲུག་གཅིག་བྱིས་པའི་དུས་ཆེན”གྱི་བྱ་འགུལ་སྣ་མང་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

པར་འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་གཉིས་བཀུར་ལམ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡིས་ཉིང་ཁྲི་གྲོང་ཁྱེར་གྱི་བུ་བཅོལ་ཁང་དང་མཉམ་འབྲེལ་བྱས་ནས་དྲུག་གཅིག་དུས་ཆེན་གྱི་བྱ་འགུལ་སྤེལ་བའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱ་ཆེའི་ལོ་ཆུང་བྱིས་པ་ཚོས་བདེ་ཐང་དང་དགའ་སྐྱིད། དོན་སྙིང་ལྡན་པ་བཅས་ཀྱི་དུས་ཆེན་ཞིག་རོལ་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱིས་ལོ་ཆུང་བྱིས་པར་ཐུགས་ཁུར་དང་གཅེས་སྐྱོང་། སྲུང་སྐྱོང་བཅས་བྱེད་པའི་རྣམ་པ་ལེགས་པོ་ཞིག་གཏོད་ཆེད། “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་སོ་སོ་དང་སྡེ་ཚན་སོ་སོས་སློབ་གྲྭ་ཆུང་འབྲིང་དང་མཉམ་འབྲེལ་བྱས་ཏེ། སྣ་མང་ཕུན་སུམ་ཚོགས་པའི་བྱ་འགུལ་སྤེལ་ནས་ལོ་ཆུང་བྱིས་པའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་རོགས་རམ་བྱས་པ་དང་། མཐོང་རྒྱ་དང་ལུས་ཁམས་གཉིས་ཀར་སྤྲོ་སྣང་འཕེལ་བ་བྱས་ཡོད།། 

༢.jpg

པར་འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཤ་གསོས་གྲོང་ཚོའི་སྐད་གཉིས་བུ་བཅོལ་ཁང་གི་བྱིས་པས་ཞབས་བྲོ་འཁྲབ་སྟོན་བྱེད་བཞིན་པ།

༤.jpg

པར་འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་འབྲས་སྤུངས་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མེ་ཏོག་མཐའ་མཚམས་འཕེལ་རྒྱས་ཀྱི་ལོ་རྒྱུས་ངོ་སྤྲོད་བྱེད་བཞིན་པའི་རྣམ་པ་རེད།

༣.jpg

པར་འདི་ནི་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོར་ལོ་ཆུང་གདོང་ལེན་རུ་ཁག་ཚོགས་རར་སྐྱོད་པའི་རྣམ་པ་རེད།

9ca19899-b153-4fb6-b9b9-ab47b4816d2c.jpg

པར་འདི་ནི་ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་དུ་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་བྱ་འགུལ་སྤེལ་བའི་ཡུལ་དངོས་ཀྱི་རྣམ་པ་རེད། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།