ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཡུལ་སྨད་ཤང་འབྱོར་འབྲིང་དཔེ་སྟོན་ཤང་དུ་གྱུར་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

པར་འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོའི་ཟུར་ཞིག་རེད།

༢.jpg

པར་འདི་ནི་རི་ཁྲོད་དུ་གནས་པའི་ཡུལ་སྨད་ཤང་རེད།

༣.jpg

པར་འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོའི་རྣམ་པ་རེད།

༤.jpg

པར་འདི་ནི་ཡུལ་སྨད་ཤང་གི་ཟ་ཁང་དང་མགྲོན་ཁང་གི་རྣམ་པ་རེད།

༥.jpg

པར་འདི་ནི་གྲོང་མིས་ཐོག་ཁང་དུ་རྒྱང་ལྟ་བྱེད་བཞིན་པའི་རྣམ་པ་རེད།

༦.jpg

པར་འདི་ནི་ཡུལ་སྨད་ཤང་གི་བགྲོད་ལམ་རེད།

༧.jpg

པར་འདི་ནི་ཡུལ་སྐོར་བ་ཞིག་གིས་ཡུལ་སྨད་ཤང་དུ་པར་ལེན་བཞིན་པའི་རྣམ་པ་རེད།

༨.jpg

པར་འདི་ནི་ཧུའུ་ནན་བོད་སྐྱོར་ལས་དོན་རུ་ཁག་གི་འཐུས་མིས་ཡུལ་སྨད་ཤང་སློབ་ཆུང་གི་གྲོགས་པོ་ཆུང་ཆུང་ཚོར་བྱིས་པའི་དུས་ཆེན་གྱི་ལེགས་སྐྱེས་སྟེར་བཞིན་པའི་རྣམ་པ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས1ཉིན། ཧུའུ་ནན་བོད་སྐྱོར་ལས་དོན་རུ་ཁག་གི་འཐུས་མི་ཡུལ་སྨད་ཤང་སློབ་ཆུང་དུ་བསྐྱོད་དེ་གྲོགས་པོ་ཆུང་ཆུང་ཚོར་བྱིས་པའི་དུས་ཆེན་གྱི་ལེགས་སྐྱེས་བྱིན་པ་རེད། ཡུལ་སྨད་ཤང་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་བྱང་ཤར་རྒྱུད་ཀྱི་མཐའ་མཚམས་ས་ཁུལ་དུ་གནས་པ་དང་། དེའི་རྒྱལ་ཁོངས་བརྟན་སྲུང་དང་མཐའ་མཚམས་བརྟན་བརླིང་གི་འགན་འཁྲི་གལ་ཆེན་ཁག་འཁུར་བྱས་ཡོད། ཡུལ་སྨད་ཤང་ནི་ཧུའུ་ནན་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་ཤང་གྲོང་ཡིན་ལ། ཧུའུ་ནན་བོད་སྐྱོར་ལས་དོན་རུ་ཁག་གིས་ཆ་སྒྲིག་རོགས་སྐྱོར་གྱི་རྣམ་པ་གསར་སྐྲུན་བྱས་ཏེ། ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོ་དང་ཧུའུ་ནན་ཞང་ཞུས་ཐུའུ་ཅ་རིགས་མིའོ་རིགས་རང་སྐྱོང་ཁུལ་ཧྲི་པ་ཏུང་གྲོང་ཚོ་གཉིས་དབར་ཆ་སྒྲིག་རོགས་སྐྱོར་སྒྲིག་འཛུགས་བྱས་ནས། ཡུལ་སྨད་གྲོང་ཚོ་དང་ཧྲི་པ་ཏུང་གྲོང་ཚོ་ཁྱབ་ཁོངས་བརྒལ་ནས་ཆ་སྒྲིག་མཉམ་སྐྲུན་མངོན་འགྱུར་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་། དེ་སྔའི“མི་གསུམ་ཤང”དེ་དུད་ཚང67དང་མི243གྱི་འབྱོར་འབྲིང་དཔེ་སྟོན་ཤང་དུ་གྱུར་ཡོད་ལ། ད་ལྟའི་ཡུལ་སྨད་ཤང་དུ་ཆུ་དང་གློག འཕྲིན་གཏོང་། སྦྲག་སྲིད། དངུལ་ཁང་། ཁྱིམ་ཚང་མགྲོན་ཁང་སོགས་དམངས་འཚོའི་སྒྲིག་བཀོད་ཆ་ཚང་ཡོད་པ་མ་ཟད། “མཐའ་མཚམས་ཡུལ་སྐོར”དང“འབྲོག་ཁྱིམ་སྤྲོ་སྐྱིད་ཁང་”སོགས་ཁྱད་ལྡན་ཡུལ་སྐོར་ཐོན་ལས་ཀྱང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།