ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

གཞིས་རྩེ་གྲོང་ཁྱེར་གྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་ལས་དོན་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱི་2021ལོའི་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་གྱི་སྒོ་བྱང་སྤྲོད་པའི་མཛད་སྒོ་དང་2022ལོའི“འཛུགས་གཏོད་བཞིའི”གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད།

ཚོགས་འདུའི་ཐོག་བསམ་གྲུབ་རྩེ་ཆུས་གྲོང་ཤར་ཁྲོམ་གཞུང་ལྕང་ལོ་ཁང་གསར་སྡེ་ཁུལ་ཏང་ཀྲི་པུའུ་སོགས་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་117ལ་སྒོ་བྱང་སྤྲད་པ་དང་། ཚོགས་འདུ་མ་འཚོག་གོང་ཚོགས་ཞུགས་མི་སྣས་ལྷ་རྩེ་རྫོང་སླེའུ་ཤང་ཤེས་དཀར་གྲོང་ཚོའི་ཏང་ཀྲི་པུའུ་སོགས་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་7ལ་ལྟ་སྦྱོང་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོ་ཚུན་དུ་གཞིས་རྩེ་གྲོང་ཁྱེར་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་དེ་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ། འཚོལ་ཞིབ་ཧུར་ཐག་དང་བློ་ཁོག་ཆེན་པོས་ལག་ལེན་བསྟར་ནས་སྐད་གྲགས་ཆེ་བ་དང་། གཞི་ཚུགས་ཐུབ་པ། ཁྱབ་གདལ་གཏོང་ཐུབ་པ་བཅས་ཀྱི་སྔོན་ཐོན་དཔེ་མཚོན་ཁག་གཅིག་བཏོད་པ་དང་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་གནད་ཀྱིས་ཁྱོན་ཡོངས་ལ་སྣེ་ཁྲིད་དང་ཕྱོགས་ཡོངས་ནས་རིམ་སྤོར་བྱེད་རྒྱུར་སྐུལ་འདེད་བཏང་བ་རེད།

ཚོགས་འདུའི་ཐོག གཞིས་རྩེ་གྲོང་ཁྱེར་གྱི་གོང་འོག་ཚང་མས་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ་བཅས་བྱས་ཏེ“འཛུགས་གཏོད་བཞིའི”གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་རྒྱུ་དེ“སྲུང་སྐྱོང་གཉིས”ལག་བསྟར་བྱེད་པའི་ཞིབ་ཕྲའི་ལག་ལེན་ལ་བརྩིས་ནས“གང་ཞིག་ལ་དམ་འཛིན་དང་། སུས་དམ་འཛིན་བྱེད་པ། དམ་འཛིན་ཇི་ལྟར་བྱེད་པ”བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱས་ནས“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”བྱེད་པར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད། དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་སྤུས་ཚད་ལེགས་སུ་གཏོང་བ་དང་། གནད་སྨིན་ལེགས་འདེམས་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱེད་པ། ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ། སྤུས་རྟགས་གཏོད་པར་ཤུགས་སྣོན་རྒྱག་པ། སྒུལ་རྣམ་དོ་དམ་མཐའ་འཁྱོངས་བཅས་བྱས་ཡོད། རིགས་དབྱེ་མཛུབ་ཁྲིད་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གནད་འགན་གཙང་བླངས་ནས་མཛུབ་ཁྲིད་བྱེད་པའི་འབྲེལ་གཏུག་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གནད་འགན་གཙང་ལེན་མཁན་ལས་བྱེད་པའི་འགན་འཁྲི་ཏན་ཏིག་སྒྲུབ་པ་བཅས་བྱས་ཡོད། འདེགས་སྐྱོར་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། གྲོན་དངུལ་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རིག་སྟོབས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་རྒྱུ་དངོས་གསུམ་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་ལ་མུ་མཐུད་ཕྱོགས་ཐུབ་པ་བྱས་ཡོད། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་། སྤྱོད་ཚུལ་ལེགས་སུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་འཛུགས་གཏོད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། འཆར་འགོད་དང་འཆར་གཞི་བྱ་སྤྱོད་ཐོག་དོན་འཁྱོལ་བྱེད་པ་བཅས་བྱས་ནས་འཛུགས་གཏོད་ཀྱི་དམིགས་ཚད་རིམ་བཞིན་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་པར་སྣང་ཆེན་བྱས་ཏེ། གང་ཞིག་འཛུགས་གཏོད་བྱས་པ་དེར་གྲུབ་འབྲས་ཐོབ་པ་དང་དེས་ཡུག་གཅིག་ལ་སྐུལ་ཁྲིད་ཐུབ་པར་བྱས་ཡོད་ཅེས་བསྟན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།