ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

རང་སྐྱོང་ལྗོངས་དཔེ་མཛོད་ཁང་ལ་ཚད་ལྡན་ཡིག་ཆ་རྩ་ཆེན་ཁག་གཅིག་ཞལ་འདེབས་བརྒྱབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སྐུ་ཞབས་ལྕང་ལོ་ཅན་ཕུན་ཚོགས་རྣམ་རྒྱལ་གྱིས་ཉར་ཚགས་གནང་བའི་བོད་ས་གནས་ཀྱི་ཚད་ལྡན་ཡིག་ཆ་ཁག་གཅིག་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ལ་ཞལ་འདེབས་བརྒྱབ་པར་དཔེ་དེབ་དང་དུས་དེབ་བསྡོམས་སྣ་ཁ་76དང་དེབ་88ཡོད་པ་རེད། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་འབྲེལ་ཡོད་འགན་འཁུར་བས་སྐུ་ཞབས་ལྕང་ལོ་ཅན་ཕུན་ཚོགས་རྣམ་རྒྱལ་ལ་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ཉར་ཚགས་ལག་ཁྱེར་སྤྲད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐུ་ཞབས་ལྕང་ལོ་ཅན་ཕུན་ཚོགས་རྣམ་རྒྱལ་རྒལ་ཡོལ་མ་ཞུས་གོང་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་རྩོམ་སྒྱུར་ཁང་གི་ཀྲུའུ་རེན་ཡིན་ཞིང་། ད་རེས་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ལ་ཞལ་འདེབས་བརྒྱབ་པའི་ཚད་ལྡན་ཡིག་ཆ་མང་ཆེ་བ་ནི་ཁོང་གིས་ལོ་མང་ཉར་ཚགས་གནང་བའི《བོད་ཀྱི་ལོ་ཐོ》ཡིན་པ་དང་དེར་ཉར་ཚགས་ཞིབ་འཇུག་དང་བེད་སྤྱོད་ཀྱི་རིན་ཐང་གལ་ཆེན་ལྡན་ཡོད།

སྐུ་ཞབས་ལྕང་ལོ་ཅན་ཕུན་ཚོགས་རྣམ་རྒྱལ་གྱིས། དཔེ་དེབ་དེ་དག་གི་བེད་སྤྱོད་རིན་ཐང་དངོས་འབྲེལ་མངོན་ཆེད། རང་སྐྱོང་ལྗོངས་དཔེ་མཛོད་ཁང་ལ་ཚད་ལྡན་ཡིག་ཆ་དེ་དག་འབུལ་བའི་བསམ་བློ་འཁོར་བའི་སྐོར་བརྗོད་བྱུང་། རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ཀོན་ཀྲང་ཚེ་བརྟན་བུ་ཁྲིད་ཀྱིས་སྐུ་ཞབས་ལྕང་ལོ་ཅན་ཕུན་ཚོགས་རྣམ་རྒྱལ་གྱིས་ཞལ་འདེབས་བརྒྱབ་པར་གུས་འདུད་དང་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཚད་ལྡན་ཡིག་ཆ་དེ་དག་དཔེ་མཛོད་ཁང་གིས་ཉར་ཚགས་ཡག་པོ་བྱས་ནས་དཔེ་དེབ་ཀྱི་རིན་ཐང་མངོན་ཐུབ་པ་དང་ཀློག་པ་པོས་ལྟ་ཀློག་ཐུབ་པ་བྱེད་ཀྱི་ཡིན་ལ། རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ཚད་ལྡན་ཡིག་ཆ་དེ་དག་ཉར་ཚགས་དང་བེད་སྤྱོད་ཡག་པོ་བྱེད་རྒྱུ་མ་ཟད། ལེགས་སྒྲིག་བྱས་རྗེས་སྔ་ཙམ་ཀློག་པ་པོར་ལྟ་རུ་འཇུག་གི་ཡིན་ཞེས་བརྗོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།