ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

འབད་འབུངས་ཡར་བརྩོན་གྱི་ལོ་ངོ་བཅུའི་རིང་ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020220601315009820204.jpg

པར་འདི་ནི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་ཀྱི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས31ཉིན་བོད་རང་སྐྱོང་ལྗོངས་གཞུང་ཕྱོགས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཉིང་ཁྲིའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད། ཡོངས་བསྒྲགས་ཚོགས་འདུའི་ཐོག་མངོན་པ་ལྟར་ན། ཉིང་ཁྲིའི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང2012ལོའི་སྒོར་དུང་ཕྱུར72.39ནས2021ལོའི་སྒོར་དུང་ཕྱུར209.01འཕར་སྣོན་བྱུང་བ་དང་ལྡབ1.89འཕར་ཡོད། ཉིང་ཁྲི་གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་གྱི་ལམ་ཐག2012ལོའི་སྤྱི་ལེ5161ནས2021ལོའི་སྤྱི་ལེ7136འཕར་སྣོན་བྱུང་ཡོད། 

未命名_副本6.jpg

པར་འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་མེས་རྫོང་མངའ་ཁོངས་སུ་ཁམ་བུའི་མེ་ཏོག་རྣམ་པར་བཞད་པའི་མཛེས་ལྗོངས་རེད།

གསར་འགྱུར་མགྲིན་ཚབ་པས་ངོ་སྤྲོད་བྱས་པ་ལྟར་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ཉིང་ཁྲི་གྲོང་ཁྱེར་གྱི་ཕྱོགས་བསྡུས་དཔལ་འབྱོར་སྟོབས་ཤུགས་ཀྱིས་མཆོང་སྐྱོད་ཆེན་པོ་མངོན་འགྱུར་བྱུང་ཡོད་ལ། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང2012ལོའི་སྒོར་དུང་ཕྱུར72.39ནས2021ལོའི་སྒོར་དུང་ཕྱུར209.01འཕར་སྣོན་བྱུང་བ་དང་ལྡབ1.89འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར2012ལོའི་སྒོར16143དང7498ནས2021ལོའི་སྒོར41346དང21767འཕར་སྣོན་བྱུང་ཡོད་ལ། སོ་སོར་ལྡབ1.56དང་ལྡབ1.9འཕར་ཡོད། 

未命名_副本45.jpg

པར་འདི་ནི་ལྷ་ཉིང་མྱུར་བགྲོད་གཞུང་ལམ་འགྲམ་རྒྱུད་ཀྱི་མཛེས་ལྗོངས་རེད།

མགྲིན་ཚབ་པས་ཉིང་ཁྲི་གྲོང་ཁྱེར་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་རྣམ་པ་གསར་བ་བཏོད་ཡོད། གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་གྱི་ལམ་ཐག2012ལོའི་སྤྱི་ལེ5161ནས2021ལོའི་སྤྱི་ལེ7136འཕར་སྣོན་བྱུང་བ་དང་། རྫོང6དང་ཆུས1། ཤང་དང་གྲོང་རྡལ56། གྲོང་ཚོ504བཅས་ལ་རླངས་འཁོར་ཤར་བགྲོད་ཐུབ་ཚད100%ལ་སླེབས་ཡོད། ཉིང་ཁྲིའི་གནམ་གྲུ་ཐང་རྒྱས་སྐྲུན་ལས་དོན་ལེགས་འགྲུབ་བྱུང་བ་དང་། རྒྱལ་ནང་དུ་མཁའ་ལམ་མང་པོ་ཞིག་ཤར་གཏོང་དང་སླར་གསོ་བྱས་པ་དང་མཁའ་ལམ་གྱི་བསྡོམས་འབོར10ལ་སླེབས་ཡོད་ཅེས་བཤད།

未命名_副本44.jpg

པར་འདི་ནི་བོད་ལྗོངས་ཉིང་ཁྲིའི་སློབ་ཆུང་སློབ་མས་ཡིག་གཟུགས་འབྲི་སྦྱོང་བྱེད་བཞིན་པའི་རྣམ་པ་རེད།

མགྲིན་ཚབ་པས་ངོ་སྤྲོད་བྱས་པ་ལྟར་ན། ཉིང་ཁྲིའི་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོར་འདེགས་སུ་ཕྱིན་པ། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང2015ལོའི་མཇུག་གི་སྒོར2855ནས2021ལོའི་སྒོར་ཁྲི1.4ཇེ་མཐོར་ཕྱིན་པ་དང་ལྡབ3.9འཕར་ཡོད། གྲོང་རྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད2.5%ནང་རྒྱུན་འཁྱོངས་ཐུབ་པ། མཐོ་སློབ་མཐར་ཕྱིན་སློར་མ་ལས་ཞུགས་ཐུབ་ཚད95%ཡན་དུ་རྒྱུན་འཁྱོངས་ཐུབ་པ། གྲོང་རྡལ་དུ་ལས་ཞུགས་སྟོངས་བའི་ཁྱིམ་ཚང་ཚང་མ་འགུལ་རྣམ་གཙང་སེལ་བྱས་པ། སློབ་ཞུགས་གོང་གི་ལོ་གསུམ་གྱི་སློབ་ཞུགས་བྱེད་ཚད་དང་། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད། མཐོ་འབྲིང་མཚམས་ཀྱི་སློབ་ཞུགས་བྱེད་ཚད་སོ་སོར94.81%དང96.67%། 91.34སླེབས་ཡོད། མི་སྟོང་རེར་འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣ་ཡོད་པ་དང་། ནད་ཁྲི2012ལོའི་མི4.4ལ་ནད་ཁྲི4.2ནས་མི6.29ལ་ནད་ཁྲི6.43འཕར་སྣོན་བྱུང་ཡོད། 

未命名_副本.jpg

པར་འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་འབྲུག་ལ་ཤང་ཟེ་ནང་གྲོང་ཚོའི་བོད་ཕག་གསོ་སྤེལ་རྟེན་གཞིའི་རྣམ་པ་རེད།

未命名_副本1.jpg

པར་འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་ཐང་སྨད་གྲོང་ཚོའི་གནོད་མེད་སྔོ་ཚལ་དཔེ་སྟོན་རྟེན་གཞིར་སྔོ་ཚལ་དབོར་འདྲེན་བྱེད་བཞིན་པའི་རྣམ་པ་རེད།

གསར་འགྱུར་མགྲིན་ཚབ་པས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ཉིང་ཁྲི་གྲོང་ཁྱེར་གྱི་ཐོན་ལས་སྣ་མང་འཕེལ་རྒྱས་ཐད་གམ་ཞེང་ཆེན་པོ་སྤོས་ཡོད། གྲོང་ཁྱེར་ཡོངས་སུ་ཕྱི་ཕྱོགས་ལ་གཉེར་སྐྱོང་བྱེད་བཞིན་པའིAརིམ་པའི་མཛེས་ལྗོངས་ཁུལ13དང་། རིགས་སོ་སོའི་མགྲོན་ཁང་དང་དང་ཟ་ཁང619ཡོད་ལ། ཡུལ་སྐོར་བ་སྣེ་ལེན་གྱི་གྲངས་ཀ་དང་ཡུལ་སྐོར་སྤྱིའི་ཡོང་འབབ2012ལོའི་མི་ཐེངས་ཁྲི229དང་སྒོར་དུང་ཕྱུར18.59ནས2021ལོའི་མི་ཐེངས་ཁྲི1006.07དང་སྒོར་དུང་ཕྱུར83.75འཕར་སྣོན་བྱུང་བ་དང་། སོ་སོར་ལྡབ3.39དང་ལྡབ3.51འཕར་ཡོད། གྲོང་ཁྱེར་ཡོངས་སུ་ནགས་ཚལ་དང་སིལ་སྡོང་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི28.1དང་། ཇ་ལོ་འདེབས་འཛུགས་མུའུ་ཁྲི5.41། སྔོ་ཚལ་འདེབས་འཛུགས་མུའུ་ཁྲི3.9། བོད་སྨན་རྒྱུ་ཆ་འདེབས་འཛུགས་མུའུ4500། བོད་ཕག་གསོ་སྤེལ་ཁྲི70བཅས་ལ་སླེབས་ཡོད་པ་བསྟན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།