ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་ཀྱིས་ཡོངས་བསྒྲགས་ནུས་ཆེ་དང་རིག་ལྡན་གྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་བཏོད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོའི་ཟླ་7པ་ནས་བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་བསྡུ་སྒྲིལ་མཉམ་སྤྱོད་ལས་དོན་ལ་སྐུལ་འདེད་གཏོང་བའི་ཆེད་དོན་ཚན་ཁག(གཤམ་དུ་ཆེད་ཚན་ཞེས་བསྡུ་རྒྱུ)བཙུགས་ཚུན། བོད་རང་སྐྱོང་ལྗོངས་ཀྱི“དྲ་བ་གཅིག་དང་ལས་སྟེགས་གསུམ”གཏོད་པར་རྒྱུན་མཐུད་སྐུལ་འདེད་བཏང་ནས་བོད་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ཞབས་ཞུའི་སྤུས་ཚད་ཡག་ཏུ་དང་ལས་ཕྱོད་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཡོངས་བསྒྲགས་དང་། ནུས་ཆེ། རིག་ལྡན་བཅས་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་གཏོད་རྒྱུར་སྐུལ་འདེད་གང་མགྱོགས་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཆེད་ཚན་གྱིས་བཟོས་པ་མ་ཟད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ཏེ། 《བོད་རང་སྐྱོང་ལྗོངས་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་དཀར་ཆག(2021ལོའི་པར་གཞི)》འགྲེམས་སྤེལ་བྱས་པ་དང་། 《དཀར་ཆག》དེའི་ནང་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་རིགས་དང་། སྲིད་གཞུང་གི་ཉོ་སྒྲུབ་རིགས། སྨན་རྫས་དང་སྨན་བཅོས་འཕྲུལ་ཆས་རིགས་སོགས་རིགས་ཆེན་པོ་9དང་ཚན་པ་33གྱི་རྣམ་གྲངས་100ཚུད་ཡོད། 《དཀར་ཆག》ནང་བཀོད་པའི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་རྣམ་གྲངས་ཡིན་ཕྱིན། ཚང་མ་བོད་རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་གྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་ཀྱི་མ་ལག་ནང་བཅུག་ནས་ཉོ་ཚོང་བྱེད་ཀྱི་ཡོད་པ་དེས་ཉོ་ཚོང་གི་སྤུས་ཚད་ཡག་ཏུ་དང་ལས་ཕྱོད་ཆེ་རུ་ཕྱིན་པ་དང་། “བཅའ་སྡོད་བྱེད་དགོས་རིགས་ཚང་མ་བཅའ་སྡོད་བྱེད་རྒྱུ”མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་བ། “དྲ་བ་གཅིག་དང་ལས་སྟེགས་གསུམ”གཏོད་པར་སྐུལ་འདེད་བཏང་བ། ལྗོངས་ཡོངས་གཅིག་གྱུར་དང་མཐའ་སྣེ་གྲོང་ཁྱེར་དང་ས་ཁུལ་ལ་ཁྱབ་པའི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ཆ་འཕྲིན་མ་ལག་སྒྲུབ་རྒྱུར་སྐུལ་འདེད་བཏང་བས། མིག་སྔར་རང་སྐྱོང་ལྗོངས་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་དྲ་བ་དང་དེ་བཞིན་ཉོ་ཚོང་ལས་སྟེགས་དང་། ཞབས་ཞུའི་ལས་སྟེགས། ལྟ་སྐུལ་དོ་དམ་ལས་སྟེགས་བཅས་བདེ་བླག་ངང་བསྐྲུན་ཟིན་ཡོད། ཉོ་ཚོང་དྲ་བ་ཚོད་སྤྱོད་བྱས་པ་ནས་བཟུང་དྲ་ཚིགས་ལ་ལྟ་མཁན་རིམ་རྩིས་བྱས་ན་ཐེངས་གྲངས་ཁྲི་205ལྷག་ཙམ་ཟིན་པ་དང་ཉིན་རེར་ཆ་སྙོམས་ལྟ་མཁན་ཐེངས་གྲངས་5700ལྷག་ཙམ་ཟིན་ཡོད་པ་རེད།

ཟླ་4པའི་ཟླ་མཇུག་བར། བོད་རང་སྐྱོང་ལྗོངས་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས(ལྟེ་གནས)སུ་ཉོ་ཚོང་རྣམ་གྲངས་1431ཟིན་པ་དང་། ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་236.38ཟིན་པ། ནོར་སྲིད་མ་དངུལ་སྒོར་ཁྲི་9870.18གྲོན་ཆུང་ཐུབ་པ་བཅས་དང་། དྲ་ཐོག་ཉོ་ཚོང་མ་ལག་བརྒྱུད་སུས་འཇོན་དེ་འགུག་གི་ཡིག་ཆ་རིན་མེད་ངང་ཕབ་འཇུག་བྱེད་པ་དང་། ངོ་འཕྲད་མི་བྱེད་པར་འོས་འགུག་གསལ་བསྒྲགས་དང་རྒྱང་ཁྲིད་བརྒྱུད་ཡུལ་གཞན་ནས་འོས་འགུག་ལ་དཔྱད་བསྡུར་བྱེད་སྟངས་སྤྱད་པས། ཁྲོམ་རའི་བྱེད་པོར་འབྲེལ་ཡོད་འགྲོ་གྲོན་སྒོར་ཁྲི་700ལྷག་ཙམ་གྲོན་ཆུང་ཐུབ་པ་དང་ཞབས་ཞུའི་རིན་པ་སྒོར་ཁྲི་123.38ཆག་ཡང་དང་རྩ་ཆག་བཏང་ཡོད་པ་རེད།

གོམ་སྟབས་རྗེས་མར། ཆེད་ཚན་གྱིས་སྤྱི་པའི་ཐོན་ཁུངས་ཉོ་ཚོང་གི་ཁྲོམ་རའི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས། ཁྲོམ་རའི་བྱེད་པོའི་གསོན་ཤུགས་དང་གསར་གཏོད་ནུས་པ་ཆེ་རུ་བཏང་སྟེ། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།