ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོོངས་ཀྱིས་མཐོ་སློབ་མཐར་ཕྱིན་སློབ་མའི་ཆེད་དོན་གདན་ཞུའི་ཚོགས་འདུ་བསྡུས་ནས་ལས་གནས1397མཁོ་འདོན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

པར་འདི་ནི་གདན་ཞུ་ཚོགས་འདུའི་ཡུལ་དངོས་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས24ཉིན། བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་ཁྲོམ་རའི་ཤེས་ལྡན་མི་སྣའི་ཐང་ཆེན་དུ“2022ལོའི་བོད་ལྗོངས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མའི་དབྱར་དུས་ཀྱི་ཆེད་དོན་གདན་ཞུའི་ཚོགས་འདུ”བསྡུས་ཤིང་། ལས་ཞུགས་ལས་གནས1397མཁོ་འདོན་བྱས་པའི་ནང་མཐོ་སློབ་མཐར་ཕྱིན་སློབ་མར་འཚམ་པའི་ལས་གནས895དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣར་འཚམ་པའི་ལས་གནས499ཡོད་ལ། དེའི་ཁྲོད་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་། བཅའ་ཁྲིམས་ཀྱི་ཀྲོན་ཡོན། རྩིས་གཉེར་བ། མི་དོན་དོ་དམ། རྣམ་གྲངས་ཀྱི་སྤྱི་ཁྱབ་དཔལ་འབྱོར་མཁས་ཅན་སོགས་ཚུད་ཡོད།

༢.jpg

པར་འདི་ནི་གདན་ཞུ་ཚོགས་འདུའི་ཡུལ་དངོས་རེད། 

༣.jpg

པར་འདི་ནི་གདན་ཞུ་ཚོགས་འདུའི་ཡུལ་དངོས་རེད། 

གསར་འགོད་པས་གདན་ཞུའི་ཚོགས་འདུའི་ཡུལ་དངོས་སུ། མཐོ་སློབ་མཐར་ཕྱིན་སློབ་མ་དང་སྤྱི་ཚོགས་ཀྱི་ལས་ཀ་འཚོལ་མཁན་གཞན་དག་གིས་གྲ་སྒྲིག་ཞིབ་ཚགས་བྱས་པའི་ལོ་རྒྱུས་མདོར་བསྡུས་དང་འོས་སྦྱོར་ངོ་སྤྲོད་ཡི་གེ་འཁྱེར་ནས་གདན་ཞུའི་མི་སྣ་དང་སྤེལ་རེས་ཧུར་ཐག་དང་། མི་སྤྱོད་སྡེ་ཚན་གྱི་གནས་ཚུལ་དང་མི་སྤྱོད་ཀྱི་དགོས་མཁོར་རྒྱུས་ལོན་ཞིབ་ཕྲ་བཅས་བྱས་ཏེ། རང་ཉིད་དང་འཚམ་པའི་ལས་ཞུགས་ལས་གནས་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་ཡོད།


པར་འདི་ནི་གདན་ཞུ་ཚོགས་འདུའི་ཡུལ་དངོས་རེད། 

༧.jpg

པར་འདི་ནི་གདན་ཞུ་ཚོགས་འདུའི་ཡུལ་དངོས་རེད། 

བོད་རང་སྐྱོང་ལྗོངས་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣས“རྗེས་མར། ང་ཚོས་ཁྲོམ་རའི་མཁོ་སྤྲོད་བརྟག་ཞིབ་ལ་ཤུགས་སྣོན་བརྒྱབ་ནས། ཁེ་ལས་དང་ལས་ཀ་འཚོལ་མཁན་ཕྱོགས་གཉིས་སྤེལ་རེས་བྱེད་པའི་དཀའ་གནད་དང་གནད་དོན་ལ་རྒྱུས་ལོན་བྱས་ཏེ། ལས་འཚོལ་ཚོགས་སྤྱི་མི་འདྲ་བའི་དགོས་མཁོར་དམིགས་ནས་ཆེད་དམིགས་དང་ཆེད་དོན་གདན་ཞུའི་བྱ་འགུལ་སྤེལ་རྒྱུ་ཡིན”ཞེས་བཤད། །

༥.jpg

པར་འདི་ནི་གདན་ཞུ་ཚོགས་འདུའི་ཡུལ་དངོས་རེད།

༦.jpg

པར་འདི་ནི་གདན་ཞུ་ཚོགས་འདུའི་ཡུལ་དངོས་རེད། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།