ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ནན་ཅིང་དུ་བོད་ལྗོངས་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་རིན་མེད་གཤགས་བཅོས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020220522337198984881.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་ལྗོངས་ལྷ་ས་ནས་ཡོང་བའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ23ནན་ཅིང་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་གཉིས་པར་ཁག་བགོས་ནས་རིན་མེད་གཤགས་བཅོས་དང་སྨན་བཅོས་བྱེད་བཞིན་ཡོད། 2014ལོར་ནན་ཅིང་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་གཉིས་པས“སྙིང་སྲུང་འདུ་འགོད”ལག་ལེན་བསྟར་ནས་ཆེད་མངགས་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་སྨན་བཅོས་བྱེད་རོགས་བྱས་ཡོད། ལོ་བརྒྱད་རིང་། “སྙིང་སྲུང་འདུ་འགོད”ཀྱི་ལས་དོན་མི་སྣས་སྤྱི་ལེ་ཁྲི་20ལྷག་ཙམ་བསྐྱོད་དེ་འོས་འགན་སྨན་བཅོས་ཐེངས་200ལྷག་ཙམ་བྱས་པ་དང་། རིན་པ་མི་དགོས་པར་མི་ཁྲི་5ལྷག་ཙམ་ལ་དབྱེ་བཤེར་བྱས་པ། དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་700ལྷག་ཙམ་ལ་རིན་པ་མི་དགོས་པར་སྨན་བཅོས་བྱས་ཡོད།

W020220522337198985722.jpg

W020220522337199135223.jpg

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།