ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་སའི་སྲིད་དོན་ཚོམས་ཆེན་དུ་དོན་དག་ཁག38རང་འདེམས་སྒྲུབ་གཉེར་ཐུབ་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  “ཆུ་ཚོད་24ཡི་རང་འདེམས་ཞབས་ཞུའི་བྱ་ཐབས་དེ་ལས་ཀར་འགྲོ་མཁན་ང་ཚོའི་ངོས་ནས་བརྗོད་ན། ཧ་ཅང་སྟབས་བདེ་པོ་འདུག”ཅེས་གྲོང་མི་ཀྲང་ལགས་ཀྱིས་གསར་འགོད་པར་བརྗོད། ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱི་ཆུ་ཚོད་24ཡི་རང་འདེམས་སྒྲུབ་གཉེར་ཁུལ་ལེགས་གཏོང་རིམ་སྤོར་བྱས་རྗེས། མིག་སྔར། རྒྱུན་དུ་སྒྲུབ་པའི་དོན་དག་ཁག་38ཟིན་པ་དང་ཚན་པ་9ལ་ཁྱབ་ཡོད། ཉིན་རེར་ཆ་སྙོམས་ཁེ་ལས་དང་མང་ཚོགས་མི་ཐེངས་200ལྷག་ཙམ་ལ་སྣེ་ལེན་ཞུ་ཐུབ་པ་དང་། ལས་སྒོ་150ལྷག་ཙམ་སྒྲུབ་གཉེར་ཐུབ་ནས“རང་འདེམས་སྒྲུབ་གཉེར”བྱེད་ཚད་དང་ལས་སྒོ་སྒྲུབ་གཉེར་བྱེད་ཚད་མུ་མཐུད་འཕར་བཞིན་ཡོད་པ་རེད། 

གསར་འགོད་པར་ཤེས་རྟོགས་བྱུང་བར། འདི་ལོ་ཚུན་དུ་ལྷ་ས་གྲོང་ཁྱེར་གྱི་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས“སྤྱོད་ཚུལ་འཛུགས་སྐྱོང་ལོ”གོ་སྐབས་སུ་བཟུང་སྟེ། ཁེ་ལས་དང་མང་ཚོགས་ཀྱི“ལས་ཀའི་དུས་ཚོད་ནང་སྒྲུབ་ཁོམ་མེད་པ་དང་། ལས་མཚམས་བཞག་རྗེས་སྒྲུབ་གཉེར་བྱེད་ས་མེད་པ”སོགས་ཀྱི་གནད་དོན་དང་ཞབས་ཞུའི་ཞན་ཆ་སེལ་གང་ཐུབ་བྱས་ཏེ། ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱི་ཆུ་ཚོད་24ཡི་རམ་འདེམས་སྒྲུབ་གཉེར་ཁུལ་ལེགས་བཅོས་རིམ་སྤོར་དང་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྔར་བས་སྐུལ་འདེད་བཏང་ནས། ཁེ་ལས་དང་མང་ཚོགས་ལ“ཆུ་ཚོད་24སྒོ་མི་རྒྱག་པའི”སྟབས་བདེའི་ཞབས་འདེགས་ཞུས་པ་དང་། ཁེ་ལས་དང་མང་ཚོགས་ཀྱིས་དོན་དག་སྒྲུབ་པར་དེ་བས་སྟབས་བདེ་དང་མགྱོགས་པོ་ཡོང་བར་བྱས་པ་རེད། དེ་དང་དུས་མཚུངས་རང་འདེམས་སྒྲུབ་གཉེར་ཞབས་ཞུ་ཁུལ་དུ་ཆེད་བསྐོས་ཁྲིད་སྟོན་མི་སྣ་བཀོད་སྒྲིག་བྱས་ནས་དོན་དག་སྒྲུབ་མཁན་མང་ཚོགས་ལ་དོན་དག་སྒྲུབ་པར་ཁྲིད་སྟོན་དང་བློ་འདྲིའི་ཞབས་འདེགས་ཞུས་ཏེ། རང་འདེམས་ཞབས་ཞུ་དེ་བས་ལེགས་པ་ཡོང་བར་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།