ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གྲོང་ཁྱེར་འཛུགས་གཏོད་ཧུར་ཐག་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གྲོང་ཁྱེར་འཛུགས་གཏོད་ཀྱི་སྐུལ་སྤེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གྲོང་ཁྱེར་འཛུཌ་གཏོད་བྱེད་པའི་དམིགས་ཚད་ལ་དམ་པོར་དམིགས་ནས་གཙོ་གནད་མངོན་གསལ་དོད་པ་དང་། ཕན་ཚུན་གཞོགས་འདེགས། མངོན་སུམ་དུ་ཡོད་པ་དང་། མྱོང་ཚོར་ཐུབ་པ། ཕན་འབྲས་ལྡན་པ་བཅས་ལ་ཤུགས་རྒྱག་པ་བཅས་བྱས་ནས་ཚད་གཞི་མཐོ་བ་དང་སྤུས་ཚད་ལེགས་པའི་སྒོ་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གྲོང་ཁྱེར་འཛུགས་གཏོད་བྱེད་པའི་ལས་དོན་ཁག་ཡག་པོ་བསྒྲུབས་ཡོད།

ལྷོ་ཁ་གྲོང་ཁྱེར་གྱིས་བསམ་བློ་གཅིག་གྱུར་མཐའ་འཁྱོངས་བྱས་ཏེ་འཛུགས་གཏོད་ཀྱི་ལས་ཀའི་ཚུགས་གནས་མཐོ་རུ་གཏོང་བ་དང་། སྤྱི་ཡོངས་དང་། འཐབ་ཇུས། ཆབ་སྲིད་བཅས་ཀྱི་མཐོ་ཚད་ཐོག་ནས་དུས་རབས་གསར་པའི་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པའི་ཧ་ཅང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། གནད་སྨིན་དང་ཞིབ་ཚགས་ངང་བཀོད་སྒྲིག་བཅས་བྱས་ཏེ་འཛུགས་གཏོད་ལས་དོན་གྱི་ཕན་འབྲས་དངོས་ཆེ་རུ་ཏན་ཏིག་བཏང་ཡོད། འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཆེད་དོན་ཚན་ཁག་གི་སྐུལ་འདེད་བླང་བྱ་དོན་འཁྱོལ་བྱེད་པ་དང་། འགོ་ཁྲིད་ཚོགས་ཆུང་དང་ལས་དོན་གྱི་ཆེད་དོན་ཚན་ཁག་དུས་ཐོག་ཏུ་འཛུགས་པ། ལམ་ལུགས་དང་ལམ་སྲོལ་ཁག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གྲོང་ཁྱེར་འཛུགས་གཏོད་ཀྱི་ལས་དོན་དོན་ཐོག་ཏུ་འཁྱོལ་བར་སྔར་བས་སྐུལ་འདེད་བཏང་བ། གནད་སྨིན་ཇུས་འདོན་བྱས་ཏེ་ལས་ཀའི་དམིགས་ཚད་དང་ལས་འགན་ཁ་གསལ་བཟོ་བ་དང་། ཇུས་གཞི་སྔར་བས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ། རང་སྐྱོང་ལྗོངས་ཀྱིས་གཅིག་གྱུར་བྱས་པའི་གཏན་འབེབས་བྱ་སྤྱོད་མཚོན་དགོས་ལ་ལྷོ་ཁ་གྲོང་ཁྱེར་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རང་འདེམས་བྱ་སྤྱོད་ཀྱང་བཏོན་ནས་མཛུབ་ཁྲིད་ཐུབ་པ་དང་། བཀོལ་སྤྱོད་ཆོག་པ། དོན་འཁྱོལ་ཐུབ་པ། ལག་བསྟར་ཆོག་པ་བཅས་ཀྱི་དོན་དམ་པའི་ཇུས་གཞི་བཏོན་ཡོད། གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་སྟེ་འཛུགས་གཏོད་ལས་དོན་གྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། གཞི་རྟེན་དང་བྱ་ཐབས་སྔར་བས་གསར་གཏོད་བྱེད་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཞུགས་འདོད་པ་དང་ཞུགས་བདེ་བའི་འཛུགས་གཏོད་བྱེད་སྒོ་སྤེལ་བ་བཅས་བྱས་ཏེ་སྣ་མང་ཅན་དང་། དངོས་གཞི་ཅན། རྣམ་གྲངས་ཅན། གསལ་ཐོ་ཅན། མ་ལག་ཅན་བཅས་ཀྱི་སྒོ་ནས་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་དང་དོན་འཁྱོལ་བྱས་པ། ཕྱོགས་ཡོངས་ནས་སྐུལ་སློང་བྱས་ཏེ་འཛུགས་གཏོད་ལས་དོན་གྱི་ཚ་རླབས་གསར་པ་འཕྱུར་བ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འབྲེལ་ཡོད་ཤེས་བྱ་དང་དེ་བཞིན་འཛུཌ་གཏོད་ལས་དོན་སྤེལ་རིང་གི་ཉམས་མྱོང་བཟང་པོ་དང་བྱ་ཐབས་ཡག་པོ་དྲིལ་བསྒྲགས་བྱེད་པ། སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཧུར་ཐག་གཏོད་པ། གྲོང་ཁྱེར་ཡོངས་ཐུན་མོང་ཐོག་འཛུགས་གཏོད་ལས་དོན་ལ་ཞུགས་པའི་རྣམ་པ་བཟང་པོ་དང་རྒྱུན་སྲིང་སྒུལ་ཤུཌ་ཆགས་པ་བཅས་བྱས་ཏེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གྲོང་ཁྱེར་འཛུགས་གཏོད་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།