ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་ལྷ་ས་གྲོང་ཁྱེར་གྱིས་གཙོ་གནད་རྣམ་གྲངས98ལག་བསྟར་བྱ་རྩིས་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་ལྷ་ས་གྲོང་ཁྱེར་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་ནས་ཤེས་གསལ་ལྟར་ན། 2022ལོར། ལྷ་ས་གྲོང་ཁྱེར་གྱིས་གཙོ་གནད་རྣམ་གྲངས98ལག་བསྟར་བྱ་རྩིས་ཡོད་ཅིང་། དེའི་ནང་ཡན་ལག་རྣམ་གྲངས180ཚུད་ཡོད་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར888.28ཟིན་པ་དང་། དེ་དག་བརྟན་བརླིིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་སོགས་ཁྱབ་ཁོངས་ལ་འབྲེལ་བ་ཡོད། 

ཤེས་གསལ་ལྟར་ན། ད་ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྣམ་གྲངས་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས། “མགོ་ཁྲིད་ཀྱིས་འགན་ལེན་དང་། ཆེད་དོན་འཛིན་གྲྭས་ཞབས་ཞུ། དུས་བཅད་ལྟར་བཀོད་གཏོང་། ནུས་ཤུགས་ཡོད་རྒུས་སྐུལ་འདེད”བཅས་དང་། “རྣམ་གྲངས་གཅིག་དང་། མགོ་ཁྲིད་གཅིག ཇུས་གཞི་གཅིག དམ་འཛིན་མཐིལ་རྟོལ”བཅས་ཀྱི་ལམ་སྲོལ་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ། རྣམ་གྲངས་གལ་ཆེན་ཚང་མར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུར་འགན་ལེན་བྱས་པ་རེད། དེ་དང་ཆབས་ཅིག རྣམ་གྲངས་ཀྱི་མི་སྤྱོད་དགོས་མཁོ་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ་ངལ་རྩོལ་ནུས་ཤུགས་ཀྱི་ཐོན་ཁུངས་གང་འགབ་ཅི་སྤྱོད་བྱེད་པ་དང་། རོང་འབྲོག་པ་སྤོ་སྒྱུར་ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱས་ཏེ་རྣམ་གྲངས་ཀྱིས་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་བྱེད་དགོས།

ལྷ་ས་གྲོང་ཁྱེར་གྱིས་ད་དུང་རང་འགུལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཀོད་གཏོང་ལ་དམ་འཛིན་ཡག་པོ་བྱེད་པ། མགྱོགས་མྱུར་ལྟ་སྐུལ་མཛུབ་ཁྲིད་བྱེད་པ། “དམར་སེར་གློག་སྒྲོན”ལམ་སྲོལ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བ། གཞུང་ཕྱོགས་སྤྱི་སྟེགས་སྤྱད་དེ་རྣམ་གྲངས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྣམ་གྲངས་ཚང་མར་སྐུལ་འདེད་གཏོང་བ་དང་དུས་བཅད་ལྟར་ལོ་ཧྲིལ་པོའི་ལས་ཀའི་དམིགས་འབེན་ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།