ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་གཞི་རིམ་གྱི་ཟློས་གར་འཁྲབ་སྟོན་ཤེས་ལྡན་པ་གསོ་སྦྱོང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

11.jpg

12.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས11ཉིན། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་དུས་ཐེངས་དང་པོའི་རྫོང་དང་ཆུས་ཀྱི་སྒྱུ་རྩལ་ཚོགས་པའི་ཟློས་གར་འཁྲབ་སྟོན་ཤེས་ལྡན་པའི་གསོ་སྦྱོང་འཛིན་གྲྭ་བོད་རང་སྐྱོང་ལྗོངས་ཟློས་གར་ཚོགས་པར་སློབ་མགོ་ཚུགས་པ་རེད།

ཐེངས་འདིའི་གསོ་སྦྱོང་དུས་ཡུན་ཟླ་བ་བཅུ་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཟློས་གར་གྱི་སྒྱུ་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱས་ཏེ། ཕྱོགས་ཡོངས་ནས་སྤེལ་རེས་རྒྱ་ཁྱབ་དང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གཞི་རིམ་ལ་སྤུས་ཚད་མཐོ་བའི་སྤྱི་པའི་རིག་གནས་ཞབས་ཞུ་མཁོ་འདོན་བྱེད་པ། གསོ་སྦྱོང་གི་ཕན་འབྲས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ཟློས་གར་གྱི་སྒྱུ་རྩལ་བརྒྱུད་སྤེལ་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ། དུས་རབས་གསར་བའི་ཁྱད་ཆོས་ལྡན་པའི་ཟློས་གར་སྒྱུ་རྩལ་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་དང་གསར་སྐྲུན་བྱས་ཏེ། ཟློས་གར་སྒྱུ་རྩལ་སློབ་གསོ་ཁྱབ་གདལ་དང་རྒྱུན་འཛིན། གསར་གཏོད་འཕེལ་རྒྱས། བརྒྱུད་སྤེལ་སྤེལ་རེས་སོགས་ཀྱི་ལས་དོན་མང་པོ་སྤེལ་ནས་གསོ་སྦྱོང་ནང་ཞུགས་མཁན་གྱི་ཆུ་ཚད་དང་བྱང་ཚད་མཐོ་རུ་གཏོང་རྒྱུ་དེ་ཡིན།

ཐེངས་འདིའི་གསོ་སྦྱོང་དེ་བོད་རང་སྐྱོང་ལྗོངས་ཟློས་གར་ཚོགས་པའི་རྒྱལ་ཁབ་རིམ་པའི་འཁྲབ་སྟོན་པ་དང་། བོད་རང་སྐྱོང་ལྗོངས་མི་རིགས་སྒྱུ་རྩལ་ཞིབ་འཇུག་སུའོ། བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ཆེད་མཁས་མི་སྣ་དང་དགེ་རྒན་ཆེན་མོ་བ་བཅས་ཀྱིས་བོད་ཀྱི་གཞི་རིམ་ནས་ཡོང་བའི་ཟློས་གར་ཆེད་མཁས་མི་སྣ28ལ་ཟློས་གར་འཁྲབ་སྟོན་དང་གཞས་གཏོང་། གར་འཁྲབ་དང་ཞབས་བྲོ། ཟློས་གར་གྱི་གཞུང་ལུགས་སོགས་ཀྱི་སློབ་ཁྲིད་བྱེད་པ་དང་། སློབ་ཁྲིད་བྱེད་སྟངས་ལ་ས་གནས་སུ་སློབ་ཁྲིད་དང་བརྙན་ལམ་ལྟ་སྦྱོང་། གཞུང་ལུགས་སློབ་སྦྱོང་། ལག་ལེན་སྦྱོང་བརྡར། ཚོགས་ཆུང་བགོས་ནས་བགྲོ་གླེང་སོགས་ཚུད་ཡོད།

ཟློས་གར་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གཅེས་ནོར་ཡིན་པས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་དགོས། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རྩ་བ་ཡིན་ལ། རིག་རྩལ་བྱ་གཞག་དེ་མཐར་ཐུག་ན་རིག་རྩལ་ལས་དོན་པས་སྐུལ་འདེད་གཏོང་དགོས་པ་དང་། རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་རྒྱུའི་འགག་རྩ་ནི་རིག་རྩལ་ཤེས་ལྡན་མི་སྣར་ཐུག་ཡོད”ཅེས་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་ཀྲོའུ་ཅ་མའོ་ཡིས་དེ་ལྟར་བཤད། མ་འོངས་པའི་གསོ་སྦྱོང་ནང་ཞུགས་མཁན་གྱི་སློབ་མ་ཚོས་ཁེངས་སྐྱུང་ངང་སློབ་སྦྱོང་བྱེད་པའི་རྣམ་འགྱུར་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། བསམ་བློ་ཚང་མ་སློབ་སྦྱོང་ཐོག་འཇོག་པ་དང་། ཕྱོགས་ཡོངས་ནས་རང་ངོས་ཇེ་ལེགས་སུ་གཏོང་བ། སྦྱོང་ཚན་ལེགས་འགྲུབ་བཅས་བྱས་ཏེ་རང་རང་གི་ལས་གནས་ཐོག་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་ཐུབ་པར་བྱས་ནས། བོད་ལྗོངས་ཡོངས་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བསྟན།

ཤེས་གསལ་ལྟར་ན། བོད་ལྗོངས་སུ་དམངས་ཁྲོད་ཟློས་གར་ཚོགས་པ153དང་ཟློས་གར་སྒྱུ་རྩལ་པ3000ལྷག་ཇེ་མང་དུ་ཕྱིན་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།