ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། སྤུན་ཟླའི་མཛའ་སེམས་ཉ་ཆུ་ལས་ཀྱང་ཟབ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— ཧུའུ་པེ་ཤང་དབྱང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་སྐོར་བཀོད་པ།

“ང་ལ་གྲོགས་མོ་གསར་པ་ཞིག་ཡོད། ང་ལ་ཤང་དབྱང་སློབ་འབྲིང་སོ་ལྔ་པའི་སློབ་གྲོགས་ཀྱི་འཕྲིན་ཡིག་འབྱོར་བྱུང”ཞེས་2021ལོའི་ཟླ་10ཚེས་19ཉིན་གྱི་སྔ་དྲོ་སློབ་གསེང་གི་ངལ་གསོའི་སྐབས་སུ། ལྷོ་ཁ་འཕྱོངས་རྒྱས་རྫོང་སློབ་འབྲིང་ལོ་རིམ་བདུན་པའི་འཛིན་གྲྭ་བཞི་པའི་སློབ་མ་ཉི་མ་ཆོས་སྒྲོན་གྱིས་དགའ་ཚོར་ཆེན་པོས་བཤད།

“ང་ལའང་འཕྲིན་ཡིག་གཅིག་འབྱོར་བྱུང”

“ང་ལའང་འབྱོར་བྱུང”

འཕྱོངས་རྒྱས་རྫོང་སློབ་འབྲིང་གི་ལོ་རིམ་བདུན་པ་དང་བརྒྱད་པ་དང་། འཕྱོངས་རྒྱས་རྫོང་ཆ་ཚང་སློབ་ཆུང་གི་ལོ་རིམ་ལྔ་པའི་སློབ་མ་ཚང་མར། ལེ་དབར་3000ལྷག་ཙམ་གྱིས་ཆོད་པའི་ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་གྱི“སློབ་གྲོགས”ཀྱི་འཕྲིན་ཡིག་རྟག་ཏུ་འབྱོར་བ་མ་ཟད། འཕྲིན་ཡིག་དང་མཉམ་དུ་ད་དུང་ཤང་དབྱང་གྲོང་ཁྱེར་གྱི་སློབ་མ་ཚོའི་བསམ་འདུན་མཚོན་པའི་ལག་རྟགས་ཆུང་ཆུང་ཡང་འབྱོར་གྱི་ཡོད། དེ་ནི་ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་གཞི་རིམ་དུ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བའི་བྱ་ཐབས་གཞན་ཞིག་རེད།

ཤང་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པ་བོད་དུ་སླེབས་རྗེས། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་དུ“ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་པ་དང་། ཀྲི་པུའུ་ཡིས་ཆ་བསྒྲིགས་པ། མང་ཚོགས་ཀྱིས་སྤུན་བསྒྲིགས་པ”བཅས་བརྗོད་དོན་གཙོ་བོར་བྱེད་པའི་གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་བྱེད་སྒོ་འཚོལ་ཞིབ་བྱས་ནས་སྤེལ་བས། ས་ཁུལ་གཉིས་ཀྱིས་གཞི་རིམ་ཏང་འཛུགས་སྐྱོང་དང་། ཐོན་ལས་འཕེལ་རྒྱས། སྤྱི་ཚོགས་བཅོས་སྐྱོང་། གྲོང་གསེབ་དར་རྒྱས་སོགས་ཀྱི་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་བཏང་བ། དུས་རབས་གསར་པར་ཏང་གིས་མི་རིགས་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བར་ཉམས་མྱོང་བསགས་ཡོད།

ལོ་གཉིས་ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད། མིག་སྔར་འཕྱོངས་རྒྱས་རྫོང་གི་གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའུ་ཚང་མ་དང་ཤང་དབྱང་གྲོང་ཁྱེར་གྱི་སྔོན་ཐོན་གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའི་དབར་གྱི་ཆ་སྒྲིག་མཉམ་སྐྲུན་ཕྱོགས་གང་ས་ཅི་ཐད་ལ་ཁྱབ་པ་དང་། འཕྱོངས་རྒྱས་རྫོང་གི་མང་ཚོགས་དུད་ཚང་100ལྷག་ཙམ་དང་ཤང་དབྱང་མང་ཚོགས་དབར་སྤུན་བསྒྲིགས་པར་ས་གནས་གཉིས་ཀྱི་མི་འབོར་800ལྷག་ཙམ་ལ་ཁྱབ་པ། བོད་རིགས་ཞིང་འབྲོག་པ་100ལྷག་ཙམ་བོད་ནས་ཕྱི་ཕྱོགས་སུ་ཐེངས་དང་པོར་བསྐྱོད་ནས་ནང་སའི་འཕེལ་རྒྱས་དང་འགྱུར་ལྡོག་དངོས་སུ་མྱོང་ཚོར་ཐུབ་ཡོད།

དེ་དང་ཆབས་ཅིག་བོད་སྐྱོར་ལས་དོན་རུ་ཁག་གིས་ད་དུང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་དེ་སློབ་གྲྭར་བརྒྱུད་སྤྲོད་དང་ཕྲུ་གུ་ནས་དམ་འཛིན་བྱས་ཏེ། ས་གནས་གཉིས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་བཞིན་ཡོད།

2021ལོའི་ཟླ་9པར་བོད་སྐྱོར་ལས་དོན་རུ་ཁག་གིས་ཤང་དབྱང་གྲོང་ཁྱེར་སློབ་འབྲིང་སོ་ལྔ་པ་དང་འཕྱོངས་རྒྱས་རྫོང་སློབ་འབྲིང་གི་མཉམ་འབྲེལ་སློབ་གཉེར་གྱི་རྨང་གཞིའི་ཐོག སློབ་གྲྭ་གཉིས་ཀྱི་སློབ་འབྲིང་སློབ་མའི་གྲོགས་སྒྲིག་ཆ་སྒྲིག་གི་བྱེད་སྒོ་སྤེལ་བ་དང་། ཤང་དབྱང་སློབ་འབྲིང་སོ་ལྔ་པའི་ལོ་རིམ་བདུན་པའི་སློབ་མ་130དང་། ཧོ་ཁོའུ་གྲོང་ཁྱེར་སློབ་འབྲིང་བཞི་པའི་ལོ་རིམ་བརྒྱད་པའི་སློབ་མ་40ལྷག་ཙམ། འཕྱོངས་རྒྱས་རྫོང་སློབ་འབྲིང་གི་སློབ་མ་བཅས་དབར་འཕྲིན་ཡིག་ནས་འབྲེལ་བ་བྱེད་པ་དང་ལག་རྟགས་ཆུང་ཆུང་བསྐུར་རེས་ལ་བརྟེན་ནས་ཆ་སྒྲིག་གྲོགས་སྒྲིག་ལ་སྐུལ་འདེད་བཏང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།