ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁ་གྲོང་ཁྱེར་གྱིས་དགོངས་པ་གསར་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་ཏན་ཏིག་བྱ་རྒྱུར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་གྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དམངས་ཡོངས་རང་བཞིན་གྱི་དྲིལ་བསྒྲགས་སློབ་གསོའི་མ་ལག་འཛུགས་སྐྱོང་ལས་དོན་སྐུལ་སྤེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། གྲོང་ཁྱེར་དེས་སྒྲིག་སྲོལ་ལམ་སྲོལ་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་བཏང་སྟེ་ལས་དོན་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱས་ནས་དགོངས་པ་གསར་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་བ་རེད།

ལྷོ་ཁ་གྲོང་ཁྱེར་གྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཤིང་། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཨུད(ཏང་ཙུའུ)རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སྒྲིག་སྲོལ》དང་ལྗོངས་ཏང་ཨུད་ཀྱི《ལག་བསྟར་བྱ་ཐབས》དོན་འཁྱོལ་ནན་ཏན་བྱས་ཏེ། དུས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གསར་ཤོས་དང་། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གསར་ཤོས་ཀྱི་དགོངས་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱས་ནས་ཐོག་མཐའ་བར་གསུམ་དུ་སེམས་ནང་བརྟན་པོར་ངེས་ཐུབ་པ་བྱས་ཡོད། དམངས་ཡོངས་ཀྱི་སྒྲོག་འགྲེལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་། རིམ་ཁག་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སྒྲོག་འགྲེལ་དང་། རིམ་ཁག་སྒྲོག་འགྲེལ་ཚོགས་པས(ཚོགས་ཆུང)དཔེ་སྟོན་སྒྲོག་འགྲེལ། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པས་རྒྱུན་རྣམ་སྒྲོག་འགྲེལ། ཞིང་འབྲོག་མང་ཚོགས་ཀྱི་སྒྲོག་འགྲེལ་པས་ལོ་འཁོར་མོར་སྒྲོག་འགྲེལ་བཅས་མཐའ་འཁྱོངས་བྱས་པ་མ་ཟད། “ང་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བློ་བརྟན་འགྱུར་མེད་ཀྱི་དད་མོས་པ་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་ཡིན”ཞེས་པ་སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཡོད། འདུས་གྲུབ་སྨྱན་སྦྱོར་གྱི་ཁྱབ་སྤེལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་། རིགས་ཁག་གི་སྨྱན་སྦྱོར་གྱིས་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་ཐད་ཀྱི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཚགས་པར་དང་། དྲ་བ། སྟེགས་བུ། སྐད་འཕྲིན་བཅས་མཉམ་འདྲེས་གཏིང་ཟབ་བྱེད་པའི་རིགས་པའི་གཞུང་ལུགས་ཁྱབ་སྤེལ་དཔུང་ཁག་ཧུར་ཐག་བཙུགས་ཡོད། རིག་རྩལ་གྱི་དྲིལ་བསྒྲགས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་། གཞི་རིམ་གྱི་རིག་རྩལ་དྲིལ་བསྒྲགས་རུ་ཁག་དང་བོད་རིགས་མང་ཚོགས་གླུ་གར་ལ་མཁས་པའི་ལེགས་ཆ་འདོན་སྤེལ་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུཌ་ཀྱི་དགོངས་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”སོགས་ལ་དམིགས་ཏེ། རིག་རྩལ་གྱི་སྐད་ཆ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་རིག་རྩལ་གྱི་བརྩམས་ཆོས་གསར་རྩོམ་བྱས་ཏེ་རིག་རྩལ་དྲིལ་བསྒྲགས་ཁྲོད་ནས་མང་ཚོགས་ཀྱིས་རིགས་པའི་གཞུང་ལུགས་ཤེས་རྟོགས་དང་། རིགས་པའི་གཞུང་ལུགས་སེམས་ལ་བརྟན་པོར་ངེས་པ། རིགས་པའི་གཞུང་ལུགས་དང་ལེན་བཅས་བྱེད་པར་ཁྲིད་སྟོན་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།