ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་དམག་ཞབས་ཐིམ་པའི་དམག་མི་དང་གཟིགས་སྐྱོང་བྱ་ཡུལ་གཞན་དག་གི་གཟིགས་སྐྱོང་ལག་ཁྱེར་ལ་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། བོད་ལྗོངས་ཀྱིས་དམག་ཞབས་ཐིམ་པའི་དམག་མི་དང་གཟིགས་སྐྱོང་བྱ་ཡུལ་གཞན་དག་གི་གཟིགས་སྐྱོང་ལག་ཁྱེར་ལ་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐིང་དང་ཁག་དང་པོའི་ཚོད་ལྟའི་མཉམ་ལས་དངུལ་ཁང་བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་། སྦྲག་སྲིད་གསོག་འཇོག་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་། ཀོང་ཏྭ་དངུལ་ཁང་ལྷ་སའི་ཡན་ལག་དངུལ་ཁང་བཅས་དངུལ་ཁང་4ཡིས་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།

གསར་འགོད་པར་ཤེས་རྟོགས་བྱུང་བར། ཁག་དང་པོའི་ཚོད་ལྟའི་མཉམ་ལས་དངུལ་ཁང་4པོས་ཁྱད་པར་ཅན་དང་རང་གཤིས་ཅན་གྱི་ཞབས་ཞུ་བཏོན་ནས། གཟིགས་སྐྱོང་ལག་ཁྱེར་གྱི་གྲོན་དངུལ་ཆག་ཡང་དང་རྩ་ཆག་གཏོང་བ་དང་གཟིགས་སྐྱོང་ལག་ཁྱེར་དམིགས་བསལ་ལོངས་སྤྱོད་ཀྱི་གཟིགས་སྐྱོང་བྱེད་སྒོ་སོགས་ཀྱི་ཐད་འཐུས་སྒོ་ཚང་བའི་དངུལ་རྩའི་ཐོན་རྫས་དང་ཞབས་ཞུའི་མ་ལག་སྤྱད་དེ། གཟིགས་སྐྱོང་བྱེད་ཐབས་སྣ་ཚོགས་བརྒྱུད་གཟིགས་སྐྱོང་བྱ་ཡུལ་གྱིས་གཟིགས་སྐྱོང་ལག་ཁྱེར་དངོས་སུ་བེད་སྤྱོད་ཐུབ་པར་བྱ་རྒྱུ་རེད། སྔོན་གཤེགས་དཔའ་བོའི་ནང་མི་པད་ལགས་ཀྱིས་གསར་འགོད་པར། “མིང་རྟགས་འགོད་པའི་མཛད་སྒོ་དེ་ལས་ངས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བྱམས་སྐྱོང་ཚོར་བྱུང་། སླད་ཕྱིན་ངས་བྱམས་སྐྱོང་དེར་བརྟེན་ནས་སྤྱི་ཚོགས་ལ་མུ་མཐུད་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།