ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་མཐོ་རིམ་གཞུང་ལམ་སྟེང་ཟོག་འདྲེན་རླངས་འཁོར་ཐོག་མར་ཚོད་གཏོང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020220511314889558810.jpg

པར་འདི་ནི་ཟླ5པའི་ཚེས9ཉིན་ཟོག་འདྲེན་རླངས་འཁོར་ཞིགG4218ཉིང་ཁྲི་ནས་ལྷ་ས་བར་གྱི་མཐོ་རིམ་གཞུང་ལམ་ཐོག་སྐྱོད་པའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས10ཉིན་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ངོ་སྤྲོད་བྱས་པ་ལྟར་ན། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཟླ5པའི་ཚེས9ཉིན་ནས་བཟུང་། G4218ཉིང་ཁྲི་ནས་ལྷ་ས་བར་གྱི་མཐོ་རིམ་གཞུང་ལམ་གྱི་ཀོང་པོ་རྒྱ་མདའ་ནས་ལྷ་སའི་མཚམས་ཀྱི་སྤྱི་ལེ255ཟོག་འདྲེན་རླངས་འཁོར་ལ་ཚོད་གཏོང་འཁོར་སྐྱོད་བྱེད་མགོ་ཚུགས་པ་དང་བོད་ལྗོངས་ཀྱི་ཐོག་མ་ཡིན། དེས་བོད་ལྗོངས་ཀྱི་མཐོ་རིམ(མྱུར་བགྲོད)གཞུང་ལམ་ཐོག་ཟོག་འདྲེན་རླངས་འཁོར་ཤར་བགྲོད་མི་ཆོག་པའི་ལོ་རྒྱུས་མཇུག་འགྲིལ་བ་མཚོན་ཡོད་པ་དང་། བོད་ལྗོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་རྒྱའི་ཕན་ནུས་སྔར་བས་མཐོར་འདེགས་སུ་ཕྱིན་པ་དང་། ཟོག་འགྲེམ་མ་གནས་ཇེ་དམའ་རུ་འགྲོ་བ་མངོན་འགྱུར་བྱ་རྒྱུ་རེད། 

W020220511314889552609.jpg

པར་འདི་ནིG4218ཉིང་ཁྲི་ནས་ལྷ་ས་བར་གྱི་མཐོ་རིམ་གཞུང་ལམ་གྱི་ལམ་རྒྱུད་མཛེས་ལྗོངས་ཀྱི་རྣམ་པ་རེད།

བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་ཟླ་གསུམ་གྱི་ཚོད་གཏོང་དུས་སྐབས་སུ། ཟོག་འདྲེན་རླངས་འཁོར་ཉིང་ལྷ་མཐོ་རིམ་གཞུང་ལམ་གྱི་ལྷ་སའི་ཕྱིར་འབུད་ནང་འཛུལ་ས་ཚིགས་དང་། དེ་བཞིན་མལ་གྲོ་གུང་དཀར་དང་ཀོང་པོ་རྒྱ་མདའ་ཡི་ཤར་བགྲོད་ས་ཚིགས་སུ་འགྲོ་འོང་བྱེད་ཆོག་པ་དང་། དེ་བྱིངས་ཀྱི་ཤར་བགྲོད་ས་ཚིགས་ནས་ཕྱིད་འབུད་པ་ལས་ནང་དུ་འཛུལ་མི་ཆོག་པ། མཐོ་རིམ་གཞུང་ལམ་དུ་སྐྱོད་པའི་ཆ་རྐྱེན་དང་མཐུན་པའི་སྤྱི་ཚོགས་ཐོག་གི་རླངས་འཁོར་གཞན་དག་རྒྱུན་ལྡན་ལྟར་ཤར་བགྲོད་བྱས་ཆོག

W020220511314889716313.jpg

པར་འདི་ནི་ཟླ5པའི་ཚེས2ཉིན་ཟོག་འདྲེན་རླངས་འཁོར་རྒྱལ་ལམ318ཀྱི་གཞིས་ཀ་རྩེའི་མཚམས་སུ་ཤར་བགྲོད་བྱེད་བཞིན་པའི་རྣམ་པ་རེད།

བརྗོད་རིན་ཡོད་པ་ཞིག་ནི་མིག་སྔར་བོད་ལྗོངས་ཀྱི་མཐོ་རིམ་གཞུང་ལམ(མྱུར་བགྲོད)རིན་མེད་ངང་ཤར་གཏོང་བྱེད་བཞིན་ཡོད། 2021ལོའི་ལོ་མཇུག་བར། བོད་ལྗོངས་ཀྱིས་མཐོ་རིམ་གཞུང་ལམ(མྱུར་བགྲོད)7སྐྲུན་པ་དང་། བསྡོམས་པས་རིང་ཚད་སྤྱི་ལེ1105ཟིན་ཡོད། 

རྗེས་མར། བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས“གཞུང་ལམ་གཅིག་འཐུས་ཚང་དུ་བཏང་སྟེ་ཤར་གཏོང་བྱེད་པ་དང་། ཉམས་མྱོང་གསོག་འཇོག བརྟན་པོའི་ངང་སྐུལ་འདེད”བཅས་ཀྱི་རྩ་དོན་གཞིར་བཟུང་། ཐེངས་འདིའི་འཁོར་སྐྱོད་ཚོད་གཏོང་གི་ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག G6པེ་ཅིང་ནས་བོད་ལྗོངས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ནག་ཆུ་ནས་ལྷ་སའི་མཚམས་དང་། G349རྩེད་ཐང་ནས་གོང་དཀར་བར། G4218གཞིས་ཀ་རྩེ་ནས་ལྷ་ས་བར་གྱི་མཐོ་རིམ་གཞུང་ལམ་གྱི་འབྲེལ་ཡོད་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་གཞིགས་ནས། ཟོག་འདྲེན་རླངས་འཁོར་མཐོ་རིམ་གཞུང་ལམ(མྱུར་བགྲོད)ཐོག་ཤར་གཏོང་ཐུབ་པའི་དམིགས་འབེན་རིམ་བཞིན་མངོན་འགྱུར་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།