ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་དམངས་ཡོངས་དཔེ་ཀློག་གི་སྤྱི་པའི་ཞབས་ཞུའི་དྲ་རྒྱ་རིམ་བཞིན་གཞི་ཁྱོན་ཅན་དུ་གྱུར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

11.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་སྒྲོག་པུའུ་ནས་ཤེས་གསལ་ལྟར་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་དམངས་ཡོངས་ཀྱི་དཔེ་ཀློག་གི་སྤྱི་པའི་ཞབས་ཞུའི་དྲ་རྒྱ་གཞི་ཁྱོན་རགས་ཙམ་ཆགས་ཤིང་། ཉེ་བའི་ལོ་ལྔ་ཡི་རིང་། བོད་ལྗོངས་ཡོངས་སུདཔེ་ཀློག་བོད་ལྗོངསཞེས་བའི་འབྲེལ་ཡོད་དཔེ་ཀློག་བྱ་འགུལ་བསྡོམས་པས1000ལྷག་སྤེལ་བ་དང་། “དཔེ་ཀློག་བོད་ལྗོངས”ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་བྱ་འགུལ་བོད་ལྗོངས་ཀྱི་རིག་གནས་མིང་བྱང་གལ་ཆེན་དུ་ཞིག་ཏུ་གྱུར་ཡོད།

དཔེ་ཀློག་བོད་ལྗོངས”ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་བྱ་འགུལ་སྤེལ་བ་དང་བསྟུན་ནས། བོད་ལྗོངས་ཀྱི་ས་ཁུལ་སོ་སོས་དམངས་ཡོངས་ཀྱི་དཔེ་ཀློག་བྱ་འགུལ་ཁེ་ལས་དང་གྲོང་གསེབ། ལས་ཁུངས། སློབ་གྲྭ། སྡེ་ཁུལ། དམག་སྒར། དྲ་རྒྱ་བཅས་སུ་སྤེལ་བ་རེད། བོད་རང་སྐྱོང་ལྗོངས་ཀྱིས་ལོ་རེར“4·23འཛམ་གླིང་གི་དཔེ་ཀློག་ཉིན་མོར”གཙོ་གནད་དང་མཚམས་ཚིགས་གལ་ཆེན་ལ་བརྩིས་ཏེ་དམངས་ཡོངས་ཀྱི་དཔེ་ཀློག་བྱ་འགུལ་གྱི་བརྗོད་དོན་གཙོ་བོའི་དགོང་ཚོགས་དང་སྙན་ངག་གྱེར་འདོན། དཔེ་ཀློག་གི་གཏམ་བཤད། ཤེས་བྱ་འགྲན་བསྡུར། གྲགས་ཅན་མི་སྣའི་འཆད་ཁྲིད། སློབ་གྲྭ་སྟོང་། དཔེ་ཁང་འཛུགས་སྐྲུན། རིན་མེད་ལྟ་ཀློག ཁེ་དོན་འགྲེམས་ཚོང་། བརྗོད་དོན་གཙོ་བོར་དཔེ་སྐྲུན། དཔེ་དེབ་འོས་སྦྱོར། ལྟ་ཀློག་གྲོས་འགོ་འདོན་པ་སོགས་ཐུན་མོང་མ་ཡིན་པའི་ལྟ་ཀློག་བྱ་འགུལ་རབ་དང་རིམ་པ་སྤེལ་ནས་བོད་ལྗོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱི་དཔེ་ཀློག་དང་སློབ་སྦྱོང་གི་ཚ་རླབས་ཤིག་སྔར་ལས་འཕྱུར་བ་རེད།

གཞན་ཡང་། བོད་ལྗོངས་ཀྱིས་ནར་སོན་མེད་པའི་མི་དང་དབང་པོ་སྐྱོན་ཅན། རྒན་རྒོན། ཞོར་ལས་ཡོང་མཁན་སོགས་ཚོགས་སྤྱི་མི་འདྲ་བའི་དམིགས་བསལ་གྱི་ལྟ་ཀློག་དགོས་མཁོར་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྒྲིག་བཀོད་འཛུགས་སྐྲུན་དང་ནང་དོན་ཐོན་ཁུངས། དམིགས་བསལ་ཞབས་ཞུ་བཅས་ཀྱི་ཐད་ནས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ལེགས་སུ་བཏང་ཡོད་ལ། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ཞབས་ཞུའི་ནུས་བ་སྣུར་སྲིང་བྱ་རྒྱུར་གཞི་ཚུགས་ཏེ། གཞི་རིམ་དུ་རྒྱུན་སྡོད་ཀྱི“དཔེ་ཀློག་ཁྱབ་གདལ་གཏོང་མཁན”འཚོལ་ཞིབ་དང་གསོ་སྐྱོང་། “དཔེ་ཀློག་ཁྱབ་གདལ་གཏོང་མཁན”གྱི་ལས་ཀའི་ལམ་སྲོལ་བཙུགས་ནས་དཔེ་དེབ་ལྟ་ཀློག་དེ་གཞི་རིམ་གྱི་མི་ཚོགས་ཁྲོད་དངོས་འབྲེལ་མེ་ཏོག་བཞད་ནས་འབྲས་བུ་ཐོགས་ཐུབ་པར་བྱས།

བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ནི་བོད་ལྗོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་དཔེ་སྐྲུན་ཁང་གཅིག་པུ་དེ་ཡིན་པའི་ངོས་ནས།《བོད་ཀྱི་ཞིང་འབྲོག་པའི་གསོ་སྦྱོང་གི་བསླབ་གཞི་རབ་དང་རིམ་པ》དང་།《འཚོ་བའི་རྒྱུན་ཤེས་ལྷན་འཛོམས》། 《བཅའ་ཁྲིམས་ཀྱི་གཏམ་རྒྱུད》སོགས་ཞིང་འབྲོག་པ་མང་ཚོགས་ཁག་གཅིག་གིས་ལྟ་ཤེས་པ་དང་སྦྱོང་ཐུབ་པ། སྤྱོད་ཐུབ་པ། འཇོག་ཐུབ་པ་བཅས་ཀྱི་ཕུལ་བྱུང་དཔེ་དེབ་འབོར་ཆེན་ཇུས་འགོད་དཔེ་སྐྲུན་ཧུར་ཐག་བྱས་ནས། མང་ཚོགས་ཀྱི་སྣ་མང་ཅན་དང་རིམ་པ་མང་བ། ཕྱོགས་མང་པོ་བཅས་ཀྱི་རིག་གནས་དགོས་མཁོ་བསྐངས་ནས་མི་རིགས་སོ་སོའི་མི་དམངས་ཀྱི་ཚན་རིག་རིག་གནས་ཆུ་ཚད་དང་འཚོ་བའི་སྤུས་ཚད་མཐོ་རུ་བཏང་བ་མ་ཟད། འཚོ་བའི་སྤུས་ཚད་མཐོ་རུ་བཏང་ནས་གྲོང་གསེབ་དར་སྤེལ་ལ་རམ་འདེགས་དང་། ཏང་དང་སྲིད་གཞུང་གི་ལྟེ་གནས་འཛུགས་སྐྱོང་ལ་ཇུས་འདོན་ལེགས་པོ་བྱས་ཡོད།

མིག་སྔའི་བར་དུ་བོད་ལྗོངས་ཡོངས་སུ་རྒྱ་བོད་ཡིག་རིགས་ཀྱི་ཚགས་པར24དང་། རྒྱ་བོད་ཡིག་རིགས་ཀྱི་དཔེ་སྐྲུནདུས་དེབ40 ། དཔེ་སྐྲུན་ལས་ཁུངས219 ། ཞིང་པའི་དཔེ་ཁང5462 ། དགོན་སྡེའི་དཔེ་ཁང1787 ། རྫོང(ཆུས)74ཕྱོགས་བསྡུས་རིག་གནས་བྱ་འགུལ་ལྟེ་གནས692 ། ཤང(གྲོང་རྡལ)ཕྱོགས་བསྡུས་རིག་གནས་ས་ཚིགས692 ། ས་ཁུལ་དང་གྲོང་ཁྱེར་གྱི་དཔེ་ཁང8བཅས་ཡོད་ལ། དེ་དང་ཆབས་ཅིག་བོད་ལྗོངས་ཀྱི་ས་གནས་སོ་སོའི་སྡེ་ཁུལ་དཔེ་ཁང་དང་། ལས་བཟོའི་དཔེ་ཁང་། དམག་སྒར་གྱི་དཔེ་ཁང་། སློབ་གྲྭའི་དཔེ་ཁང། ལྟ་ཀློག་སྟེགས་བུ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། ནང་དོན་དང་ཐོན་ཁུངས། སྒྲིག་ཆས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། གཞན་ཡང་། བོད་ལྗོངས་ཀྱི་དམངས་ཁྲོད་ཀྱི་སྤྱི་ཕན་དཔེ་དེབ་ལྟ་ཀློག་ཁྱབ་གདལ་རྩ་འཛུགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པས། ལྟ་ཀློག་ཁྱབ་གདལ་དང་བླངས་པའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ་བཅས་ལས་བོད་ལྗོངས་ཀྱི་དམངས་ཡོངས་ཀྱི་དཔེ་ཀློག་དེ་རྒྱུན་རྣམ་ཅན་དང་། ཁྱབ་གདལ་ཅན། དོ་སྙོམས་ཅན་བཅས་མངོན་འགྱུར་ཡོང་བར་དགེ་མཚན་ལྡན་པའི་ནུས་བ་ཐོན་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།