ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་ནོར་སྲིད་འགན་ལེན་ནུས་པ་མངོན་གསལ་སྒོས་མཐོར་འདེགས་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས7ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་བོད་ལྗོངས་ཀྱི་ནོར་སྲིད་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།

གསར་འགོད་པས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་གསལ་ལྟར་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་བོད་ལྗོངས་ནོར་སྲིད་ཀྱིས་སྲིད་ཇུས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་བ་དང་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་བས། ནོར་སྲིད་འགྲོ་གྲོན་དང་ཡོང་འབབ་གཞི་ཁྱོན་གྱིས་ཟིན་ཐོ་གསར་པ་བཏོད་པ་དང་། ནོར་སྲིད་ཀྱི་འགན་ལེན་ནུས་པ་མངོན་གསལ་མཐོར་འདེགས་སུ་ཕྱིན་ཡོད། 2012ལོ་ནས2021ལོའི་བར། ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཀྱི་བསྡོམས་འབོར་སྒོར་དུང་ཕྱུར16420.6ཟིན་པ་དང་ལོ་རེར་ཆ་སྙོམས11.5%འཕར་ཡོད། དེའི་ནང་ཀྲུང་དབྱང་གི་ཁ་གསབ་ཡོང་འབབ་སྒོར་དུང་ཕྱུར14746.8ཟིན་ནས་ལོ་རེར་ཆ་སྙོམས11.5%འཕར་བ་དང་། དེས་ཡོང་འབབ་བསྡོམས་འབོར་གྱི90%བཟུང་ཡོད། 2012ལོ་ནས་2021ལོའི་བར། ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་གྲོན་སྒོར་དུང་ཕྱུར16152.9ཟིན་ནས་ལོ་རེར་ཆ་སྙོམས9.4%འཕར་ཡོད། 80%ཡན་གྱི་ནོར་སྲིད་འགྲོ་གྲོན་ཞིང་ལས་དང་། ནགས་ལས། ཆུ་བེད། སློབ་གསོ། སྨན་བཅོས་འཕྲོད་བསྟེན།རིག་གནས་ལུས་རྩལ་དང་སྨྱན་སྦྱོར། སྤྱི་པའི་བདེ་འཇགས། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས། སྡོད་ཁང་འགན་ལེན་སོགས་དམངས་འཚོའི་གཙོ་གནད་ཁྱབ་ཁོངས་ཐད་སྤྱད་པས། གཞི་རྩའི་སྤྱི་པའི་ཞབས་ཞུའི་འགན་ལེན་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་དང་དམངས་འཚོའི་བདེ་སྐྱིད་སྔར་བས་ཇེ་ལེགས་སུ་ཕྱིན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ལོ་ངོ10ཡི་རིང་། བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་དབུལ་ཐར་འགག་སྒྲོལ་ཐད་མ་དངུལ་སྒོར་དུང་ཕྱུར753.9བསྡུ་སྒྲིལ་བྱས་ཤིང་། ལོ་རེར་ཆ་སྙོམས་འཕར་ཚད10%ལས་བརྒལ་བས་དུས་ཡུན་རིང་པོའི་དབུལ་ཕོངས་གནད་དོན་གཙང་སེལ་བྱས་པ་རེད། ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ནང་སློབ་གསོའི་འགྲོ་གྲོན་སྒོར་དུང་ཕྱུར94.5ནས་སྒོར་དུང་ཕྱུར259.1ལ་འཕར་བ་དང་། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་འགྲོ་གྲོན་སྒོར་དུང་ཕྱུར65.5ནས་སྒོར་དུང་ཕྱུར194བར་འཕར་བ། འཕྲོད་བསྟེན་དང་བདེ་ཐང་གི་འགྲོ་གྲོན་སྒོར་དུང་ཕྱུར36.1ནས་སྒོར་དུང་ཕྱུར115.3བར་འཕར་བ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་ལས་དོན་གྱི་འགྲོ་གྲོན་སྒོར་དུང་ཕྱུར31.5ནས་སྒོར་དུང་ཕྱུར106.8ལ་འཕར་བ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འགྲོ་གྲོན་སྒོར་དུང་ཕྱུར94.3ནས་སྒོར་དུང་ཕྱུར323.9བར་འཕར་ཡོད་པས། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་པ་དང་། ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེས་ཆེར་ཕྱིན་ཡོད། སྐྱེ་ཁམས་ཁ་གསབ་དང་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་སྒོར་དུང་ཕྱུར836.56དོན་འཁྱོལ་བྱས་ཏེ། ནགས་ཚལ་དང་། བརླན་ས། རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་བཏང་ནས། རོང་འབྲོག་མང་ཚོགས་ལ་སྐྱེ་ཁམས་ཀྱི་ཡོང་འབབ་བསགས་སུ་བཅུག་པ། རིམ་རྩིས་བྱས་ན་མཐའ་མཚམས་ས་ཁུལ་ཏུ་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་སྒོར་དུང་ཕྱུར130.2དོན་འཁྱོལ་བྱས་ནས། མཐའ་མཚམས་མང་ཚོགས་ཀྱི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་མཐོ་རུ་བཏང་བ་དང་། མཐའ་སྲུང་མི་སྣར་ཁ་གསབ་རོགས་དངུལ་སྤྲོད་པའི་ལམ་ལུགས་བཙུགས་ཏེ། མཐའ་མཚམས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་བཏང་བ། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར166.3བསྡུ་སྒྲིལ་བྱས་ཏེ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ624ཚང་མ་སྐྲུན་ཚར་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།