མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐུན་མོང་འབྱོར་ཕྱུག་ཕྱོགས་སུ་སྐྱོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། སྐྱིད་གྲོང་རྫོང་ས་ལེ་ཤང་སེར་ཆུང་གྲོང་ཚོས་ཏང་འཛུགས་སྐྱོང་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་ལ་སྣེ་ཁྲིད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཞིག་ཏུ་བརྩིས་ནས། གཞི་རིམ་གྱི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་དང་། ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ། ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བར་ཕན་འབྲས་གསར་པ་ཐོན་ནས་དབྱར་མཚོ་རྒྱས་པ་ལྟར་གྱི་གྲོང་གསེབ་དར་རྒྱས་ཀྱི་འཆར་གཞི་འགོད་བཞིན་ཡོད་པ་རེད།

སེར་ཆུང་གྲོང་ཚོས་གཞི་རིམ་ལ་དམ་འཛིན་དང་། རྨང་གཞི་བརྟན་དུ་གཏོང་བ། གཞི་རྩ་བརྟན་དུ་གཏོང་བ་བཅས་ཀྱི་ལས་ཀའི་སྟོན་ཕྱོགས་ལ་མངོན་གསལ་དོད་པོས་དམ་འཛིན་བྱས་ཏེ། 《གཞིས་རྩེ་གྲོང་ཁྱེར་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དམིགས་ཚད་ཀྱི་ཆབ་སྲིད་གསལ་ཐོ》དང་བསྡུར་ནས། ཏང་ནང་ཁུལ་གྱི་རྩ་འཛུགས་འཚོ་བ་ནན་དུ་གཏོང་བ་དང་། ལྟ་སྐུལ་ཞིབ་བཤེར་བྱེད་པ། དག་ཐེར་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ཏང་ཀྲི་པུའུ་ཚད་ལྡན་ཅན་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གྲོང་ཚོའི་ཏང་ཀྲི་པུའུ་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་ཡོང་ཐབས་བྱེད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་སྤེལ་བ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་ཧུར་ཐག་བསྐྲུན་ཡོད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང“དྲ་ཐོག་དང་དྲ་ཕྱི་ཟུང་དུ་འབྲེལ་བའི”བྱེད་ཐབས་སྤྱད་དེ་ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི། གྲོང་ཚོའི་བུ་བཅོལ་ཁང་གི་དགེ་རྒན་བཅས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་ཆ་སྒྲིག་རོགས་སྐྱོར་བྱས་ནས་དྲ་ཕྱི་ནས་སློབ་སྦྱོང་བྱེད་པ་དང་བོད་བདེ་བགྲོད་ཀྱི་དྲ་ཐོག་ནས་སློབ་སྦྱོང་བྱས་ཏེ། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་ཚང་མས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་གོ་ཐུབ་པ་དང་ཤོད་ཤེས་པ་བྱས་ཡོད།

ཐོན་ལས་ནི་གྲོང་གསེབ་དར་རྒྱས་གཏོང་བའི་རྨང་གཞི་དང་གྲོང་གསེབ་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཡིན། སེར་ཆུང་གྲོང་ཚོས་ཏང་ཀྲི་པུའུ་སྣེ་ཁྲིད་དུ་བྱེད་པ་དང་མཉམ་ལས་ཁང་འཛུགས་སྐྱོང་ལ་དམ་འཛིན་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུ་དམིགས་ཚད་གཙོ་བོར་བྱས་ནས་སེར་ཆུང་གྲོང་ཚོའི་ཐོན་ཁུངས་ཀྱི་ལེགས་ཆ་དང་གནས་ཚུལ་དངོས་དང་ཟུང་འབྲེལ་གྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཐོན་ལས་དར་རྒྱས་ཧུར་ཐག་ཡོང་བ་བྱས་པ་རེད།

2021ལོར་སེར་ཆུང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་མ་དངུལ་སྒོར་ཁྲི་121.8བརྩོན་ལེན་ཧུར་ཐག་བྱས་ནས་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག་ཁྱོན་སྨི་ངོས་གྲུ་6000ཟིན་པའི་དྲོད་ཁང་ཆེ་མོ་9བསྐྲུན་ནས་སྔོ་ཚལ་བཏབ་ཅིང་། ངལ་ནུས་ཁོ་ན་ནས་ཐོབ་ཆ་སྒོར་ཁྲི་26ལྷག་ཙམ་བགོས་པ་དང་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་1800ལྷག་ཙམ་བྱུང་ཡོད་རེད།

གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྔར་བས་སྟོབས་ཆེར་གཏོང་ཆེད། འདི་ལོ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་སེར་ཆུང་གྲོང་ཚོར་ས་བབ་དམའ་བ་དང་། དྲོད་ཚད་མཐོ་བ། ནགས་ཁྲོད་ཐོན་ཁུངས་གསར་སྤེལ་བྱེད་རྒྱུ་དང་འཚམ་པ་བཅས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ། གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་སྣེ་ཁྲིད་པ་དང་གྲོང་མི་མ་རྐང་ནང་ཞུགས་པའི་བྱ་ཐབས་སྤྱད་ནས་སྡོང་ཕུང་དང་ཀོ་ཤ་སོགས་བོད་སྨན་རྒྱུ་ཆ་གཙོ་བོར་བྱས་པའི་ནགས་ཁྲོད་ཐོན་ཁུངས་འདེབས་འཛུགས་རྣམ་གྲངས་བཙུགས་ནས་གྲོང་མིར་མ་དངུལ་སྒོར་ཁྲི་11ཙམ་བསྡུ་སྒྲིལ་བྱེད་པའི་སྐུལ་སློང་བྱས་ཏེ། ཀོ་ཤ་རྐང་ཁྲི་1ལྷག་ཙམ་བཏབ་པར་སྔོན་དཔག་བྱས་ན་ཐོན་རྫས་རིན་ཐང་སྒོར་ཁྲི་14ལྷག་ཙམ་ཟིན་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།