ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

“བོད་ནས”ཀྱི་ས་ཁོངས་སྤྱི་སྤྱོད་སྤུས་རྟགས་དངོས་སུ་ཡོངས་བསྒྲགས་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ“བོད་ནས”ཀྱི་ས་ཁོངས་སྤྱི་སྤྱོད་སྤུས་རྟགས་འཛུགས་གཏོད་ལས་དོན་ངོ་སྤྲོད་བྱས་པ་དེ་ཐོག་ནས་བོད་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་ས་ཁོངས་སྤྱི་སྤྱོད་སྤུས་རྟགས་ཨང་དང་པོ་སྟེ། “བོད་ནས”དངོས་སུ་ཡོངས་བསྒྲགས་བྱས་པ་མཚོན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ཕན་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ནས་ཀྱི་ཐོན་ལས་འཕེལ་རྒྱས་ལ་མཐོང་ཆེན་བྱས་ཏེ་ནས་ཀྱི་ཐོན་ལས་དེ་ས་མཐོའི་ཁྱད་ལྡན་ལེགས་ལྡན་ཐོན་ལས་དང་ཐོན་ལས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐོན་ལས་གལ་ཆེན་གྱི་གྲས་ཤིག་ཡིན་པའི་ངོས་ནས་སྲིད་ཇུས་ཀྱི་ཁྲིད་སྟོན་དང་རྣམ་གྲངས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ནས་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་ཆེན་པོ་བསྣན་པ་རེད། 2019ལོར་བོད་ལྗོངས་ཀྱིས“བོད་ནས”ཀྱི་ས་ཁོངས་སྤྱི་སྤྱོད་སྤུས་རྟགས་གཏོད་པའི་ལས་དོན་སྤེལ་འགོ་ཚུགས་ཏེ་ལོ་གསུམ་རིང་འབད་བརྩོན་བྱས་པ་བརྒྱུད་རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་ཅུས་སོགས་པུའུ་ཨུད་ཀྱི་ཞིབ་མཆན་དང་ཆོག་མཆན་ཐོབ་པ་བརྒྱུད་བོད་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་ས་ཁོངས་སྤྱི་སྤྱོད་སྤུས་རྟགས་ཨང་དང་པོ“བོད་ནས”བཏོད་ཟིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་བོད་ལྗོངས་ཡོངས་སུ་ནས་ལས་སྣོན་ཁེ་ལས་53ཡོད་པར་ལས་སྣོན་བྱེད་འབོར་ཏུན་ཁྲི་15.9ཟིན་ནས་ལས་སྣོན་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་11.57ཟིན་པ་དང་། “བོད་ཁྱིམ་གསེར་སྙེ”དང་། “གནས་མཆོག་འབྲུ་རིགས” “བཀྲ་ཤིས་འབྲུ་རིགས” “གངས་ལྗོངས་འབྲུ་རིགས”སོགས་ནས་ལས་སྣོན་ཁེ་ལས་ཀྱི་སྤུས་རྟགས་60ལྷག་ཙམ་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།