ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

སྨན་བཅོས་བོད་སྐྱོར་ལས་དོན་གྱིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྐྱིད་སྣང་ཆེ་རུ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020220506359400035809.jpg

པར་འདི་ནི་པེ་ཅིང་ཞེ་ཧུ་སྨན་ཁང་གི་བོད་སྐྱོར་སྨན་པ་ཀྲོའུ་ལི་ཞིན་གྱིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་ས་གནས་སྨན་པ་དང་ལས་སྒོ་སྤེལ་རེས་བྱེད་བཞིན་པའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2015ལོར་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་བ་ནས་བཟུང་། སྐོར་ཁག་བདུན་ལ་དབྱེ་བའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣ1300ལྷག་དང་རྒྱ་ཆེའི་ས་གནས་དེ་གའི་སྨན་དོན་མི་སྣས་རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད། “1+7”གྱི་རོགས་སྐྱོར་བྱ་ཡུལ་སྨན་ཁང་གི་སྨན་བཅོས་ནུས་པ་དང་དོ་དམ་ཞབས་ཞུའི་ཆུ་ཚད་ཧ་ཅང་མཐོ་རུ་ཕྱིན་པ་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དེ“ཀ་པ་རིམ་པ་གསུམ་པ”ལེགས་གྲས་ལ་རིམ་སྤོར་བྱུང་བ། ལྷ་ས་དང་གཞིས་ཀ་རྩེ། ལྷོ་ཁ། ཉིང་ཁྲི། ཆབ་མདོ། ནག་ཆུ་བཅས་གྲོང་ཁྱེར6གི་མི་དམངས་སྨན་ཁང“ཀ་པ་རིམ་པ་གསུམ་པའི”སྨན་ཁང་དུ་བསྒྱུར་བ། མངའ་རིས་ས་ཁུལ་མི་དམངས་སྨན་ཁང“ཁ་པ་རིམ་པ་གསུམ་པའི”སྨན་ཁང་དུ་བསྒྱུར་བ། རོགས་སྐྱོར་བྱ་ཡུལ་གྱི་རྫོང་མི་དམངས་སྨན་ཁང13མགྱོགས་མྱུར་ངང་འཕེལ་རྒྱས་སུ་བྱུང་བ། 2021ལོའི་ལོ་མཇུག་བར། “ནད་ཆེན”400ལྷག་རང་སྐྱོང་ལྗོངས་ནས་སྨན་བཅོས་ཐུབ་པ་དང“ནད་འབྲིང”2400ལྷག་གྲོང་ཁྱེར་དང་ས་ཁུལ་དུ་སྨན་བཅོས་ཐུབ་པ། རྒྱུན་མཐོང་ནད་དང་འབྱུང་སླ་བའི་ནད་རྫོང་དང་ཆུས་ནས་སྨན་བཅོས་ཐུབ་ཡོད། ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་དེ2015ལོའི་ལོ68.2ནས་ལོ72.19བར་མཐོ་རུ་ཕྱིན་ཡོད། སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱིས་བོད་ལྗོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ལ་སྔར་བྱུང་མྱོང་མེད་པའི་དངོས་ཕན་བསྐྱལ་བ་མ་ཟད། དེ་ནི་མང་ཚོགས་ཀྱི་བདེ་རྩ་ཆེ་རུ་གཏོང་བའི་དམངས་འཚོའི་ལས་གཞི་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཆབ་སྲིད་ཀྱི་ལས་གཞི་ཞིག་ཏུ་གྱུར་ཡོད། 

ཉེ་བའི་ལོ་བདུན་རིང་། བོད་རང་སྐྱོང་ལྗོངས་ཏང་ཨུས་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱས་ཏེ། ཆེད་དུ་འབྲེལ་ཡོད་ཀྱི་ལེ་ལག་ཚང་བའི་སྲིད་ཇུས་བཏོན་ནས་རྒྱབ་སྐྱོར་ཤུགས་ཆེན་བྱས། བོད་རང་སྐྱོང་ལྗོངས་ཏང་ཨུ་རྩ་འཛུགས་པུའུ་ཡིས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་བྱེད་པའི་འགན་ནུས་ནན་ཏན་བསྒྲུབས་པ་དང་། འགན་ནུས་ཁྲུའུ་དང་ཁང་གསར་འཛུགས་བྱས་ནས་སྤྱི་འདོམས་མཐུན་སྦྱོར་ལ་འགན་འཁུར་བ། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་དང་མཉམ་དུ་ལས་དོན་ལ་སྐུལ་འདེད་བཏང་བ་རེད། རང་སྐྱོང་ལྗོངས་ཀྱིས་བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣ་ས་གནས་དེ་གའི་ལས་བྱེད་པའི་ཤེས་ལྡན་མི་སྣར་བརྩིས་ནས། སློབ་གསོ་དོ་དམ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་པ་དང་ཆབས་ཅིག སྲིད་ཇུས་ཀྱི་ཐོབ་ཐང་ཁག་དོན་འཁྱོལ་ཞིབ་ཚགས་བྱེད་པ། བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣ་བོད་ལྗོངས་སུ་བཅའ་སྡོད་བྱེད་དུས་ལས་ཀའི་གོ་མིང་དཔྱད་ཞིབ་ནང་ཞུགས་རྒྱུར་མཐུན་སྦྱོར་ཧུར་ཐག་བྱས་པ། སྡོད་ཁང་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་བ། བུ་ཕྲུག་སློབ་གྲྭར་སྐྱོད་པ་དང་རྒན་རྒོན་སྨན་པ་བསྟེན་པ་སོགས་ཀྱི་གནད་དོན་དངོས་ཐག་གཅོད་བྱེད་རོགས་བཅས་བྱས་ཏེ། ཁོང་ཚོས་བློ་བདེ་པོའི་ངང་བོད་ལྗོངས་སུ་བྱ་གཞག་སྒྲུབ་པ་དང་ལས་གཏོད་བྱེད་པར་འགན་ལེན་ཏན་ཏིག་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།