ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར1563.6ལ་སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2022ལོ་ནས་བཟུང་། ཀྲུང་གོ་མི་དམངས་དངུལ་ཁང་ལྷ་སའི་ལྟེ་བའི་ཉིང་ལག་དངུལ་ཁང(གཤམ་དུ“མི་དམངས་དངུལ་ཁང་ལྷ་སའི་ལྟེ་བའི་ཉིང་ལག་དངུལ་ཁང”ཞེས་བསྡུ་རྒྱུ)གིས་བོད་ལྗོངས་སུ་ཡོད་པའི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་ཁྱབ་ཁོངས་དང་། འགག་རྩའི་ལྷུ་ཚིགས་ཀྱི་དངུལ་རྩའི་དགོས་མཁོ་གནད་འཁེལ་འབྲེལ་མཐུད་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། གྲོང་གསེབ་དར་སྤེལ་གྱི་དངུལ་རྩའི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་བརྟན་པོའི་ངང་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

ཟླ3པའི་ཟླ་མཇུག་བར། བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར1563.6ལ་སླེབས་པ་དེ་དུས་མཉམ་ལས3.56%འཕར་བ་དང་། དེའི་ནང་གྲོང་གསེབ་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར623.41ཟིན་པ་དེ་དུས་མཉམ་ལས10.21%འཕར་ཡོད། རིམ་རྩིས་བྱས་པ་ལྟར་ན་ཁྱིམ་ཚང་ཞིང་ར་དང་། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་། འཇོན་ཐང་ཅན་གྱི་དུད་ཆེན་སོགས་གྲོང་གསེབ་ཀྱི་གསར་དར་གཉེར་སྐྱོང་བྱེད་མཁན་ལ་དངུལ་བུན་ཐེངས4988བཏང་བ་དང་ལྷག་གྲངས་སྒོར་དུང་ཕྱུར4.38ཟིན་ཡོད།

མི་དམངས་དངུལ་ཁང་ལྷ་སའི་ལྟེ་བའི་ཉིང་ལག་དངུལ་ཁང་གིས། རྗེས་མར་དངུལ་རྩས་གྲོང་གསེབ་དར་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་ལས་དོན་བྱེད་ཐབས་ཁག་མུ་མཐུད་དོན་འཁྱོལ་ཡག་པོ་བྱས་ཏེ། དངུལ་རྩའི་ཐོན་ཁུངས་སྔར་བས་མང་པོ“ཞིང་གསུམ”ཁྱབ་ཁོངས་ལ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་། འབྲུ་རིགས་དང་འདེབས་འཛུགས་ལས་རིགས། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་སོགས་ལ་མ་དངུལ་བསྡུ་སྒྲིལ་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། འབྲུ་རིགས་དང་འདེབས་འཛུགས་ལས་རིགས་ཀྱི་བདེ་འཇགས་འགན་ལེན་ལ་ཤུགས་སྣོན་རྒྱག་པ། ཞིང་ཕྱུགས་ལས་ཀྱི་མཁོ་སྤྲོད་འབྲེལ་ཐག་དངུལ་རྩ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། གྲོང་གསེབ་དར་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་རྫོང་ཁོངས་ཀྱི་ལེགས་ཆའི་ཁྱད་ལྡན་ཐོན་ལས་ལ་རྒྱབ་སྐྱོར་བྱེད་པ་བཅས་མ་ཟད། ད་དུང་མཐའ་མཚམས་ས་ཁུལ་དུ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་པ་བསྟན།

མི་དམངས་དངུལ་ཁང་ལྷ་སའི་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ད་དུང་དངུལ་རྩའི་སྒྲིག་གཞིར་ལྗང་མདོག་དངུལ་རྩའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པས། དངུལ་རྩའི་ཆུ་ཚད་ཀྱིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ཟླ3པའི་ཟླ་མཇུག་བར། བོད་རང་སྐྱོང་ལྗོངས་ཀྱི་ལྗང་མདོག་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར885.9ལ་སླེབས་པ་དང་། དུས་མཉམ་ལས18.13%འཕར་ནས་དངུལ་བུན་སྣ་ཚོགས་འཕར་ཚད་ལས་བརྒྱ་ཆའི་གྲངས15ཡིས་མཐོ་བ་རེད།

ཤེས་གསལ་ལྟར་ན། དངུལ་རྩའི་ཐོན་ཁུངས་གཙོ་བོ་ནུས་རྒྱུ་གཙང་མའི་ཐོན་ལས་དང་རྨང་གཞིའི་སྒྲིག་བཀོད་ལྗང་མདོག་རིམ་སྤོར་རྣམ་གྲངས་ཐད་སྤྱད་པ་དང་། དེའི་ནང་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར26.79ཟིན་པ་དེ་དུས་མཉམ་ལས་13.24%འཕར་ཡོད། རྨང་གཞིའི་སྒྲིག་བཀོད་ལྗང་མདོག་རིམ་སྤོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར71.92གསར་སྣོན་བྱུང་བ་དང་དེ་དུས་མཉམ་ལས55.05%འཕར་བ། གཙོ་བོ་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་གཞུང་ལམ་སོགས་རྣམ་གྲངས་ལ་རྒྱབ་སྐྱོར་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།