ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཚིགས་དང་པོར་བོད་ལྗོངས་ཀྱི་དྲ་ཐོག་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར22.3ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་གསལ་ལྟར་ན། ད་ལོའི་དུས་ཚིགས་དང་པོར“དྲ་ཐོག་གི་ལོ་གསར་མཁོ་ཆས་དུས་ཆེན”སོགས་བྲིན་ཚོང་རྒྱུ་རྐྱེན་གྱིས་སྐུལ་ཁྲིད་བྱས་པར་བརྟེན་བོད་རང་སྐྱོང་ལྗོངས་ཀྱི་དྲ་ཐོག་བྲིན་ཚོང་འཕར་ཤུགས་ཆེ་བའི་རྣམ་པ་མངོན་ཞིང་། གཞི་གྲངས་ལས་མངོན་པ་ལྟར་ན། དུས་ཚིགས་དང་པོར་བོད་ལྗོངས་ཡོངས་ཀྱི་དྲ་ཐོག་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར22.3ཟིན་པ་དེ་དུས་མཉམ་ལས51.7%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་ཚེག45.1ཇེ་མཐོར་སོང་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་ལ། དེའི་ནང་དངོས་ཟོག་དྲ་ཐོག་ནས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར18.2ཟིན་ནས་དུས་མཉམ་ལས47.2%འཕར་ཡོད།

བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་ལྟར་ན། དཔལ་འབྱོར་འཕར་ཚད་ཆག་པའི་གནོན་ཤུགས་དང་དེ་བཞིན་རིམས་ནད་ས་ཁུལ་མང་པོར་མཆེད་པ་སོགས་རྒྱུ་རྐྱེན་མང་པོའི་དབང་གིས་བོད་ལྗོངས་ཀྱིས་འཛད་སྤྱོད་བརྟན་པོའི་ངང་འཕར་བར་སྐུལ་འདེད་གཏོང་བའི་གནོན་ཤུགས་ཆེ་རུ་ཕྱིན་ཡོད། འོན་ཀྱང་རིམས་ནད་ཀྱིས་འཛད་སྤྱོད་ཁྲོམ་རར་ཕོག་ཐུག་ཆེ་ཙམ་བཟོས་པ་དང་ཆབས་ཅིག་འཛད་སྤྱོད་ཀྱི་རྣམ་པ་གསར་བ་སྐྲུན་ནས་འཛད་སྤྱོད་བྱེད་སྟངས་གསར་བ་ཞིག་སྐྱེད་སྲིང་བྱས་ཡོད། དཔེར་ན། ཐད་གཏོང་བརྒྱུད་དེ་ཚོང་ཟོག་འཚོང་བ་དང་། གྲངས་འཛིན་བྲིན་ཚོང་། འབྲེལ་གཏུག་དང་སྡེབ་སྐྱེལ་མེད་པ་སོགས་གསར་དར་འཛད་སྤྱོད་ཀྱིས་གཉེར་སྐྱོང་བརྟན་པོ་དང་འཛད་སྤྱོད་བརྟན་པོ་ཡོང་བའི་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་བཏོན་པ་དང་འབྲེལ། སྲོལ་རྒྱུན་འཛད་སྤྱོད་ལ་ཐབས་ཇུས་གསར་བ་འདོན་པ་དང་སྤུས་ཚད་མཐོར་གཏོང་དང་། ལྷག་པར་དུ་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་དྲ་ཐོག་ཏུ་ཕྱིར་ཚོང་བྱེད་པར་དགེ་མཚན་ལྡན་པའི་ཆ་རྐྱེན་བཏོད་པས་འཛད་སྤྱོད་ཁྲོམ་ར་སླར་གསོ་བྱུང་བ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ནུས་གསར་བ་བསྣན་ཡོད།

ཤེས་གསལ་ལྟར་ན། མ་འོངས་པར་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་གློག་རྡུལ་ཚོང་དོན་གྱི་ལས་རྣམ་གསར་བ་དང་བྱེད་སྟངས་གསར་བ་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་ལས་དོན་དང་དེ་བཞིན་འཛད་སྤྱོད་གཞི་རྟེན་སྐྱེད་སྲིང་།སྤུས་ཚད་འཛད་སྤྱོད་སྤུས་རྟགས་འཛད་སྤྱོད་མཁོ་སྤྲོད་ཇེ་མཐོར་བཏང་ནས། དྲ་ཐོག་དང་དྲ་ཕྱིའི་འཛད་སྤྱོད་མཉམ་འདྲེས་འཕེལ་རྒྱས་སོགས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་བརྒྱུད་དྲ་ཐོག་འཛད་སྤྱོད་རྒྱུན་མཐུད་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།