“ལྔ་གཅིག”གུང་གསེང་རིང་བོད་ལྗོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ཁྲི5ལྷག་ཙམ་སྐྱེལ་འདྲེན་བྱས་པ།

3.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས5ཉིན། གསར་འགོད་པས་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་གསལ་ལྟར་ན། ཟླ4བའི་ཚེས30ཉིན་ནས་ཟླ5བའི་ཚེས4ཉིན་བར་བོད་ལྗོངས་ཀྱིས་འགྲུལ་པ་མི་ཐེངས་ཁྲི5.2བསྐྱལ་བ་དེ་དུས་མཉམ་ལས18.2%མང་དུ་སོང་ཡོད། དེའི་ནང་མཚོ་བོད་ལྕགས་ལམ་ལྷ་ས་མེ་འཁོར་དུམ་བུའི་དོ་དམ་ཁོངས་གཏོགས་ཀྱིས་མེ་འཁོར་འབབ་ཚུགས་ནས་འགྲུལ་པ་མི་ཐེངས་ཁྲི1.33སྐྱེལ་འདྲེན་བྱས་པ་དང་། ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་ཁྲི0.42སྐྱེལ་འདྲེན་བྱས་ཡོད་ལ། ཡུལ་སྐོར་བ་མི་ཐེངས་ཁྲི1.25ལ་སླེབས་ཡོད། ལྷ་ས་ས་ཚིགས་ཀྱིས་བསྡོམས་པས་འགྲུལ་པ་མི་ཐེངས་ཁྲི4.6སྐྱེལ་འདྲེན་བྱས་པ་དེ་ན་ནིང་གི་དུས་མཉམ་ལས་མི་ཁྲི1.2མང་དུ་སོང་ཞིང་། 35%འཕར་ནས་ཉིན་རེར་ཆ་སྙོམས་མི7668སྐྱེལ་འདྲེན་བྱས་པ་དང་། གུང་གསེང་རིང་གི་འགྲུལ་པ་འཁོར་རྒྱུག་སྤྱིར་བརྟན་བརླིང་དང་གོ་རིམ་ལྡན་པ་ཡོང་ཡོད།

ལྷ་ས་མེ་འཁོར་འབབ་ཚུགས་འགྲུལ་སྐྱེལ་འཁོར་སྐྱོད་འཁོར་ཁང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་རྒྱལ་མཚན་གྱིས་ངོ་སྤྲོད་ལྟར་ན། ཟླ4བའི་ཚེས29ཉིན་ནས་ཟླ5བའི་ཚེས་4ཉིན་བར་ལྷ་ས་མེ་འཁོར་འབབ་ཚུགས་ཀྱི་འགྲུལ་རྒྱུན་གཙོ་བོ་བོད་ལྗོངས་ནང་ཁུལ་གྱི་གཞིས་ཀ་རྩེ་དང་ལྷོ་ཁ། ཉིང་ཁྲི། ནག་ཆུ་བཅས་ཡིན་པ་དང་། ལྷག་པར་དུ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་གྱི་མེ་འཁོར་ཤར་གཏོང་ཐུབ་པ་དང་བསྟུན་ནས་བོད་ལྗོངས་ནང་ཁུལ་གྱི་ལམ་ཐུང་འགྲུལ་པར་སྐུལ་ཁྲིད་བྱས་ཡོད། “ལྔ་གཅིག”གུང་གསེང་རིང་གི་འགྲུལ་པ་མང་བར་ཁ་གཏོད་ཆེད། ལྷ་ས་མེ་འཁོར་འབབ་ཚུགས་ཀྱིས་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིར་ལྷ་ས་ནས་གཞིས་རྩེ་བར་གྱི་མེ་འཁོརC925དངC926ཇེ་མང་དུ་གཏོང་རྒྱུར་མཐུན་སྦྱོར་ཧུར་ཐག་བྱས་པ་དང་། དེ་དང་ཆབས་ཅིག་ཉིང་ཁྲིའི་མེ་འཁོར་ལ་འཁོར་སྒྲོམ་མང་དུ་བཏང་ནས་འགྲོ་སྐྱོད་ཀྱི་དགོས་མཁོ་སྐོང་ཅི་ཐུབ་བྱས།

“ལྔ་གཅིག”གུང་གསེང་རིང་སྐྱེལ་འདྲེན་སྒྲིག་འཛུགས་ལས་དོན་ཡག་པོར་སྒྲུབ་ཆེད། མཚོ་བོད་ལྕགས་ལམ་ལྷ་ས་མེ་འཁོར་དུམ་བུས་འགྲུལ་པའི་སྤ་སེ་ཉོ་བ་དང་། མིང་ངོ་མ་བཀོད་ནས་ར་སྤྲོད་བྱེད་པ། བདེ་འཇགས་ཞིབ་བཤེར། ལྷུ་ཚིགས་ཁག་ཏུ་སྡོད་པ་བཅས་ཀྱི་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ་སྐྱེལ་འདྲེན་སྒྲིག་ལམ་བརྟན་ལ་གོ་རིམ་ལྡན་པ་ཞིག་ཡོང་བར་བྱས་པ་མ་ཟད། བཀག་སྡོམ་བྱེད་ཐབས་རིམ་སྤོར་བྱས་ཏེ་མེ་འཁོར་འབབ་ཚུགས་ནང་ཁུལ་དང་། ལས་གནས་གལ་ཆེན་གྱི་མི་སྣ། འབབ་ཚུགས་དང་རླངས་འཁོར་གྱི་རིམས་ནད་བཀག་སྡོམ་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱས་ཡོད། དེ་དང་ཆབས་ཅིག་མེ་འཁོར་འབབ་ཚུགས་ཁག་གི་འཛུལ་སྒོར་ལས་དོན་པ་ཁ་བསྣན་ནས་ཨང་རྟགས་གཉིས་ཞིབ་དཔྱད་དང་། ས་གནས་བཤེར་ཨང་། ལག་པར་དུག་སེལ། འགྲུལ་པའི་ཁྲིད་སྟོན་ཞབས་ཞུ། སྒྲིག་ལམ་སྲུང་སྐྱོང་བཅས་ཀྱི་རིམས་ནད་བཀག་སྡོམ་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 

“ལྔ་གཅིག”གུང་གསེང་རིང་རིམས་ནད་འགོག་སྡོམ་ལས་དོན་ཏན་ཏིག་ངང་ཡག་པོར་སྒྲུབ་ཆེད། མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་དོ་དམ་ནང་གི་ལྷ་ས་དང་ནག་ཆུ་སོགས་མེ་འཁོར་འབབ་ཚུགས་ཀྱིས་མེ་འཁོར་ནང་སྡོད་ཚད་ལུགས་མཐུན་ངང་ཚོད་འཛིན་བྱས་ཤིང་། གཏན་འབེབས་ལྟར་ཞིབ་བཤེར་ཨང་གྲངས་ཀྱི་ཚོད་ལྟས་ར་སྤྲོད་དང་དྲོད་ཚད་འཇལ་བའི་ལས་ཀ་ལེགས་པར་བསྒྲུབས་པ། རླུང་རྒྱུག་གཙང་སྦྲ་བྱེད་ཤུགས་ཆེ་རུ་བཏང་ནས་རང་བྱུང་རླུང་འགྲོ་དང་འཕྲུལ་ཆས་རླུང་རྒྱུག་ཟུང་འབྲེལ་བྱེད་ཐབས་སྤྱད་དེ་རླུང་ཚད་གསར་བ་འདང་ངེས་ཡིན་པར་ཁག་ཐེག་བྱས། ཉིན་རྒྱུན་གཙང་སྦྲ་བྱེད་པར་ཤུགས་སྣོན་པ་དང་། གནས་ཡུལ་གཙང་སྦྲ་བྱེད་པ་རྒྱུན་འཁྱོངས་བྱེད་པ། “ཆེད་དོན་གསུམ་དང་འགན་ལེན་གཅིག”གི་བླང་བྱ་བཞིན་སྔོན་འགོག་རང་བཞིན་གྱི་དུག་སེལ་བྱེད་ཤུགས་ཆེ་རུ་བཏང་། མེ་འཁོར་ས་ཚིགས་ཀྱི་གཙོ་གནད་ས་གནས་ལ་སྔོན་འགོག་རང་བཞིན་གྱི་དུག་སེལ་ལེགས་པོ་བྱས་ཏེ། མེ་འཁོར་དང་མེ་འཁོར་སྒུག་ཁང་སོགས་སུ་མི་འདུ་འཛོམས་ཆེ་སར་བདེ་ཐང་དྲིལ་སྒྲོག་ཧུར་ཐག་བྱས། གཞན་ཡང་། འགྲུལ་པར་སྒེར་གྱི་འགོག་སྲུང་བྱེད་ཤུགས་ཆེ་རུ་གཏོང་པར་ཁྲིད་སྟོན་བྱས་པ་དང་། སྒུག་སྡོད་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁ་ཐུམ་རྒྱག་དགོས་པར་དྲན་སྐུལ་བྱས་ཏེ། ཕར་འགྲོ་ཚུར་འོང་ཉུང་དུ་བྱེད་པ་དང་། བདེ་འཇགས་ཀྱི་བར་ཐག་སྲུང་བ། ནང་ཁུལ་གྱི་ལས་བཟོ་པར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ། དུས་ཆེན་རིང་གནས་སའི་གྲོང་ཁྱེར་དང་ཁ་མི་འབྲལ་བ་དང་ཉེན་ཁ་ཆེ་བའི་ས་ཁུལ་ལ་མི་བསྐྱོད་པ། “ཆུ་ཚོད8ཀྱི་ཕྱིའི”རིམས་ནད་བཀག་སྡོམ་གྱི“དར་སྤེལ་གཏོང་བའི”བྱེད་ཐབས་དོན་འཁྱོལ་བཅས་བྱས་ནས་མཚོ་བོད་ལྕགས་ལམ་གྱི་རིམས་ནད་འགོག་སྡོམ་གྱི་དམག་འཐབ་ཡག་པོ་བརྒྱབ་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།