ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྐོར་གྱི་སྒྲིལ་གླེང་།

2019ལོར་ཁག་གསར་པའི་སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལག་བསྟར་བྱེད་འགོ་བཙུགས་ཚུན། བོད་རང་སྐྱོང་ལྗོངས་ཀྱིས“སློབ་གྲྭ་ཞིག་ལ་རོགས་སྐྱོར་དང་ས་ཁུལ་ཞིག་ལ་དཔེ་སྟོན་བྱེད་པའི”ལས་ཀའི་བླང་བྱར་དམ་པོར་དམིགས་ཏེ། རོགས་སྐྱོར་བྱེད་སྟངས་ཟམ་མི་ཆད་པར་གསར་གཏོད་དང་བོད་སྐྱོར་གྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་དང་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བའི་ལས་འགན་ཆེན་པོ་གཉིས་ལ་དམིགས་ཏེ་གནད་སྨིན་ཤུགས་འདོན་གྱིས་རོགས་སྐྱོར་བྱ་ཡུལ་སློབ་གྲྭ་21གི་བྱ་གཞག་ཁག་ཡར་རྒྱས་མངོན་གསལ་དོད་པོ་ཡོང་བར་སྐུལ་འདེད་བཏང་བ་དང“ཚོགས་སྒྲིག”རྣམ་པའི་ཐོག་ནས་ལྗོངས་ཡོངས་ཀྱི་རྨང་གཞིའི་སློབ་གསོའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བར་སྐུལ་ཁྲིད་བྱས་ཡོད།

སློབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པས་རོགས་སྐྱོར་བྱ་ཡུལ་སློབ་གྲྭའི་སློབ་གསོའི་སྤུས་ཚད་རྒྱུན་མཐུད་བརྟན་པོའི་ངང་མཐོ་རུ་ཕྱིན་པ།

ཁག་གསར་པའི་སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱིས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་རིང་ཚད་བརྒལ་ཡོང་བ་དང་གསར་གཏོད་སློབ་ཁྲིད་རིང་མདུན་སྐྱོད་མཐའ་འཁྱོངས་བྱས་ཏེ། རོགས་སྐྱོར་བྱ་ཡུལ་སློབ་གྲྭའི་རང་བརྟེན་ནུས་པ་ཆེ་རུ་བཏང་ནས་སློབ་གྲྭའི་རྨང་གཞིའི་སློབ་གསོའི་ཆུ་ཚད་ངོ་བོའི་རང་བཞིན་གྱི་མཆོང་སྐྱོད་ཡོང་བར་སྐུལ་འདེད་བཏང་ཡོད།

—— མི་ཚེའི་རང་མདངས་ཡག་པོ་མངོན་པར་བྱས་ཤིང་། བོད་ཀྱི་མཐའ་མཚམས་མི་རིགས་ས་ཁུལ་གྱི་དོན་དངོས་དང་དམ་པོར་བསྟུན་པ་དང་གསར་བརྗེའི་སློབ་གསོ་རྨང་གཞིར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་རྩ་བའི་གནད་དོན་འདིར་དམིགས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་ཐད་ཀྱི་རྩ་བ་གཅིག་དང་རྒྱུད་པ་གཅིག་སྔོག་འདོན་གཏིང་ཟབ་བྱས་པ་དང “ལད་མོའི་ཏང་གི་སློབ་ཚན”དང་། “བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ”“རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བརྗོད་དོན་གཙོ་བོའི་འཆད་ཁྲིད”སོགས་ཀྱི་རྣམ་པ་སྣ་ཚོགས་ཀྱི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་བྱེད་སྒོ་ཧུར་ཐག་སྤེལ་བ། མཐུན་སྒྲིལ་དང་སེམས་མཐུན་ལ་ཤུགས་སྣོན་བརྒྱབ་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས“སུའི་ཆེད་དུ་མི་གསོ་སྐྱོང་དང་། ཇི་ལྟར་བྱས་ནས་མི་གསོ་སྐྱོང་། མི་སུ་འདྲ་ཞིག་གསོ་སྐྱོང”བཅས་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་ལན་བཏབ་སྟེ་ཕྲུ་གུ་མི་རེ་ངོ་རེ་ཚང་མར་མི་ཚེའི་གོམ་པ་དང་པོ་ལེགས་པར་སྤོ་ཐུབ་པ་བྱས་ཡོད།

—— རིག་ལྡན་སློབ་གསོ་བཏོད་ཅིང་། ཆ་འཕྲིན་ལག་རྩལ་དང་རོགས་སྐྱོར་བྱ་ཡུལ་སློབ་གྲྭའི་སློབ་གསོ་སློབ་ཁྲིད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས“དྲ་ཐོག་སློབ་ཁང”དང་། ཐད་གཏོང་སློབ་ཁྲིད། ས་ཆ་གཞན་དུ་སློབ་ཁྲིད། དྲ་ཐོག་སྤེལ་རེས་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་ནུས་ལྡན་ཐུབ་ཡོད། མིག་སྔའི་བར་རོགས་སྐྱོར་བྱ་ཡུལ་སློབ་གྲྭར“བོད་ལྗོངས་སློབ་གསོ་ཇོ་རིའི་སྤྲིན་རྩིས”ལས་སྟེགས་100%ཁྱབ་པ་དང་། ཐོན་ཁུངས་མཉམ་སྤྱོད་དང་རྒྱང་ཁྲིད་སློབ་གསོའི་ལས་སྟེགས་19དང་རིག་ལྡན་སློབ་ཁང་473བསྐྲུན་ནས“དྲ་ཐོག+དྲ་ཕྱི”ཡི་དྲ་རྒྱའི་སྤེལ་རེས་སློབ་ཁྲིད་བྱེད་སྒོ་སྣ་ཚོགས་ཐེངས་2500ལྷག་ཙམ་སྤེལ་ཡོད་པ་རེད།

རོགས་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གསོ་སྐྱོང་ལ་སྐུལ་འདེད་བཏང་བས་ས་གནས་དེ་གའི་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།

ཁག་གསར་པའི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ཚོགས་པས་དགེ་རྒན་གྱི་ཀུན་སྤྱོད་དང་། སློབ་ཁྲིད། སློབ་གསོ། ཚན་ཞིབ་བཅས་འཇུག་གཞིར་བྱས་ནས“བརྒྱུད་རོགས་ཁྲིད་གསུམ”གྱི་ལས་ཀའི་ནང་དོན་གཏིང་ཟབ་ཏུ་བཏང་སྟེ། རོགས་སྐྱོར་བྱ་ཡུལ་སློབ་གྲྭར་རྒྱུན་མི་ཆད་པར“ནམ་ཡང་གནས་ཐུབ་པའི”རྐང་འཛིན་དགེ་རྒན་དཔུང་ཁག་ཅིག་གསོ་སྐྱོང་བྱས་ཡོད།

—— རོགས་ཁྲིད་བྱེད་ཐབས་གསར་གཏོད་བྱས་ཤིང་། “ཚོགས་པས་ཚོགས་པ་ཁྲིད་པ་དང་། གྲགས་ཅན་དགེ་རྒན་གྱིས་རྐང་འཛིན་ཁྲིད་པ། དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པ”བཅས་ཀྱི་ལས་ཀའི་ལམ་སྲོལ་སྔར་བས་ཟབ་ཏུ་བཏང་སྟེ། དགེ་སློབ་ཆ་སྒྲིག་དང་། གསར་རྙིང་ཆ་སྒྲིག སློབ་ཚན་ཆ་སྒྲིག རིག་ཚན་རོགས་སྐྱོར་སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང་། བོད་སྐྱོར་སློབ་གསོའི་ཤེས་ལྡན་མི་སྣ་སྒྲིག་འཛུགས་བྱས་ཏེ“གཅིག་གཏད་གཅིག”དང་། “གཅིག་གཏད་མང་པོ”“མང་གཏད་མང་པོ”བཅས་ཀྱི་རྣམ་པའི་ཐོག་ནས་ས་གནས་དེ་གའི་དགེ་རྒན་1129དང་ཚོགས་པ་120ལ་རོགས་ཁྲིད་བྱས་ཏེ་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་བཅས་རིམ་པའི་སློབ་གསོ་སློབ་ཁྲིད་ཀྱི་ཞིབ་འཇུག་བྱ་གཞི་ཁག་295ལ་ཞིབ་འཇུག་བྱས་པ་དང་དཔྱད་རྩོམ་166བཏོན་པར་རང་སྐྱོང་ལྗོངས་རིམ་པའི་བྱ་དགའ་ཁག་36ཐོབ་པ་རེད།

—— རོགས་ཁྲིད་ཀྱི་ཐབས་ལམ་རྒྱ་ཆེར་བཏང་ཞིང་། “ཕྱིར་སྐྱོད་པ”དང“ནང་དུ་གདན་དྲངས་པ”ཟུང་འབྲེལ་མཐའ་འཁྱོངས་ཀྱིས་སྔ་རྗེས་སུ་དོ་དམ་མི་སྣ་དང་རྐང་འཛིན་དགེ་རྒན་679ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་མངགས་ནས་དུས་ཡུན་ལོ་གཅིག་གི་གནས་སྦྱར་སྦྱོང་བརྡར་རམ་ཡང་ན་ལས་གནས་ཐོག་མཉམ་དུ་སློབ་སྦྱོང་བྱེད་དུ་བཅུག་པ་དང་། རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱི“རྒྱབ་ཕྱོགས”ཀྱི་ཐོན་ཁུངས་ལེགས་ཆར་བརྟེན་ནས་ས་གནས་དེ་གའི་དགེ་རྒན་སྒྲིག་འཛུགས་བྱས་ཏེ་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དུ་དུས་ཐུང་གསོ་སྦྱོང་སྤེལ་རེས་མི་ཐེངས་4156བྱས་པ། རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱི་རིགས་གཅིག་མཁས་ཅན་དང་གྲགས་ཅན་དགེ་རྒན་730གདན་དྲངས་ནས་སློབ་ཁྲིད་བྱས་ཏེ་ས་གནས་དེ་གའི་སློབ་གསོའི་ཤེས་ལྡན་མི་སྣའི་མཐོང་རྒྱ་དང་འཇོན་ཐང་ཆེ་རུ་གཏོང་རོགས་བྱས་ཡོད།

དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ནང་དོན་ལ་མཐོང་ཆེན་བྱས་པས་སློབ་གྲྭའི་ནང་དོན་ལོ་རེ་བཞིན་ལེགས་སུ་ཕྱིན་པ།

དོ་དམ་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་གསར་གཏོད་ལ་བརྟེན་ནས་གསོན་ཤུགས་འཕེལ་བར་བྱས་ཤིང་། ཁག་གསར་པའི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ཚོགས་པས་དོ་དམ་གྱི་ཕན་འབྲས་ཐོན་རྒྱུ་མཐའ་འཁྱོངས་ཀྱིས་ནུས་ཤུགས་ཡོད་རྒུས་དམིགས་ཚད་དོ་དམ་དང་། བཀོད་དོན་དོ་དམ། ལས་རྗེས་དོ་དམ་བཅས་ཀྱི་ལམ་སྲོལ་བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་རོགས་སྐྱོར་བྱ་ཡུལ་སློབ་གྲྭའི་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་ནས། ཁྱབ་འགྱེད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།

—— དོ་དམ་ཞིབ་ཚགས་ལ་གཞོལ་ཞིང་། དེང་རབས་སློབ་གྲྭའི་དོ་དམ་ལམ་ལུགས་དང་འོས་འགན་སློབ་གསོའི་སློབ་གྲྭའི་དོ་དམ་ཚད་གཞི་དང་བསྡུར་ནས་བྱ་ཐབས་སྣ་ཚོགས་སྤྱད་དེ་རོགས་སྐྱོར་བྱ་ཡུལ་སློབ་གྲྭར་སློབ་གསོ་སློབ་ཁྲིད་དང་དོ་དམ་ལམ་ལུགས་ཁག་309གསར་འཛུགས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་རོགས་རམ་བྱས་ནས། རོགས་སྐྱོར་བྱ་ཡུལ་སློབ་གྲྭའི་སློབ་གསོའི་འདུ་ཤེས་དང་། དོ་དམ་བྱེད་སྟངས། སློབ་ཁང་གི་སློབ་ཁྲིད་བཅས་ཀྱི་རྩལ་ནུས་དང་བྱ་ཐབས་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།