ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གིས་རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་ཧུར་ཐག་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་མང་རིང་། ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གིས“གནད་སྨིན་གཅིག་དང་གཙོ་གནད་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ་དང་། “མི་གཅིག་ལ་གསོ་སྦྱོང་དང་། མི་གཅིག་ལས་ཞུགས། དུད་ཚང་གཅིག་དབུལ་སྒྲོལ། ཁྱིམ་ཚང་གཅིག་ལས་ཞུགས་བརྟན་པོ”བཅས་ཡོང་བའི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱས་ཏེ་དཔལ་འབར་གྱི“ས་གྲོལ་དཔལ་འབྱོར”མགྱོཌ་མྱུར་འཕེལ་རྒྱས་བཏང་ཡོད་པ་རེད།

དྲ་རྒྱ་དང་བརྙན་འཕྲིན་སོགས་དྲིལ་བསྒྲགས་ཀྱི་འཐབ་ས་གཙོ་བོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལས་ཞུགས་ལས་གཏོད་ཀྱི་དྲིལ་བསྒྲགས་ཆེད་སྒྲིག་ལེ་ཚན་གཏོད་པ་དང་། རླངས་འཁོར་བབས་ཚུགས་དང་། ཐང་ཆེན། དངུལ་ཁང་། སྦྲག་སྲིད་སོགས་ཀྱི་སྤྱི་པའི་ས་ཁོངས་སུ་གཏན་འཇགས་དྲིལ་བསྒྲགས་སྒྲིག་བཀོད་འཛུགས་པ། ལས་སྒུག་མི་སྣ་དང་ཞིང་འབྲོག་པའི“སྒུག་རྟེན་སློང་གསུམ”གྱི་བསམ་བློ་དང“ཕ་ཡུལ་ནས་བྲལ་དཀའ་བའི”འདུ་ཤེས་རིམ་བཞིན་སྒྱུར་བ། ཁོང་ཚོར་རང་ངོས་ལས་གཉེར་དང་། རང་རྟེན་ལས་གཏོད། སྟབས་བསྟུན་ལས་ཞུགས་བཅས་བྱ་རྒྱུར་སྐུལ་ལྕག་ཧུར་ཐག་བྱེད་པ། “ཆེད་ལས་ཅན་གྱི་གསོ་སྦྱོང་དང་། མངགས་ཐོ་རྣམ་པའི་ཕྱིར་གཏོང”གི་བསམ་ཕྱོགས་ལ་གཞིགས་པ། གསོ་སྦྱོང་གི་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལས་ཞུགས་ཀྱི་ཕྱོགས་ངེས་རང་བཞིན་དང་གནད་སྨིན་རང་བཞིན་ཆེ་རུ་བཏང་ཡོད། 2020ལོར་ཞིང་འབྲོག་མང་ཚོགས་215ལྷ་སར“ཁེ་ལས་ཀྱི་འགན་གཙང་ལེན་ཐབས”ཀྱི་རྩལ་ནུས་གསོ་སྦྱོང་ལ་ཞུགས་པར་འདེམས་གཏོང་བྱས་པ་དང་། གསོ་སྦྱོང་བྱས་རྗེས་མི་153ལས་ཞུགས་བརྟན་པོ་ཐུབ་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།