ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་ཁག3བརྡ་ཁྱབ་བཏང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་ཁག་3བརྡ་ཁྱབ་བཏང་བ་དང་། དེ་དག་སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་བླངས་པ་དང་། སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་བཟའ་བཏུང་བྱས་པ། སྒྲིག་འགལ་ངང་གཞུང་འཁོར་སྤྱད་པ་སོགས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པ་རེད།

བརྡ་ཁྱབ་ནང་མངོན་གསལ། 2017ལོའི་ཟླ་9པ་ནས་2020ལོའི་ཟླ་5པ་བར། སྐབས་དེ་དུས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རྒྱལ་ཁབ་བདེ་འཇགས་གཞུང་ལས་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པའི་འགན་འཁུར་མཁན་ལི་ཆིང་ཕིང་གིས་སྒྲིག་འགལ་ངང་དོ་དམ་ཞབས་འདེགས་ཞུ་ཡུལ་གྱི་འབུལ་རྟེན་སྒོར་7020བླངས་པ་དང་། དོ་དམ་ཞབས་འདེགས་ཞུ་ཡུལ་ནས་ཁྱོན་སྒོར་2680རི་བའི“ཧོ་ཐེན་ཞ”ཡི་ཐ་མག་རྡར་ཚན་2དང་ཕུར་ཇ་སྒོར་ལེབ་1བླངས་པ། དོ་དམ་ཞབས་འདེགས་ཞུ་ཡུལ་གྱིས་བཀོད་སྒྲིག་བྱས་པའི་དྲང་གཞག་ངང་གཞུང་ལས་བསྒྲུབ་རྒྱུར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་དང་རོལ་རྩེད་བྱེད་སྒོར་ཐེངས་མང་ཞུགས་པ་རེད། 2021ལོའི་ཟླ་9པར། ལི་ཆིང་ཕིང་ལ་ཏང་ནང་ཁུལ་གྱི་གོ་གནས་མེད་པ་བཟོས་པ་དང་སྲིད་དོན་གོ་གནས་མེད་པ་བཟོས་པའི་ཆད་པ་ཕོག་པ་མ་ཟད། རིམ་བཞིའི་ཀྲུའུ་རེན་ཁའོ་ཡོན་ལ་གོ་གནས་ཕབ་པ་དང་སྒྲིག་འགལ་གྱི་མ་དངུལ་ཚང་མ་གཞུང་བཞེས་བཏང་བ་རེད།

གཞན་ཡང་། ད་དུང་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱི་དེ་སྔའི་ཅུས་ཀྲང་པ་སངས་ཚེ་རིང་གིས་སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་བཟའ་བཏུང་བྱས་པ་དང་། བོད་ལྗོངས་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི་དྲ་ཐོག་ཚོང་དོན་ཀུང་སིའི་ལག་བསྟར་ཏུང་ཧྲི་ཀྲང་ཀྲང་ཐེང་ཧུང་གིས་སྒྲིག་འགལ་ངང་གཞུང་འཁོར་སྤྱད་པའི་གནད་དོན་བརྡ་ཁྱབ་བཏང་བ་དང་འབྲེལ། ཁོ་གཉིས་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་དང་སྒྲིག་འགལ་གྱི་མ་དངུལ་ཚང་མ་གཞུང་བཞེས་བཏང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།