ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་མཉམ་སྡེབ2དང་མི་སྒེར9ལ2022ལོའི་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་བསྟོད་ལག་ཁྱེར་དང་གཟེངས་བསྟོད་རྟགས་མ་ཐོབ་པ་དང་མཉམ་སྡེབ9ལ་རྒྱལ་ཡོངས་ཀྱི་བཟོ་པའི་གདོང་ལེན་པའི་མཚན་སྙན་ཐོབ་པ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས28ཉིན། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཚོགས་ཆེན་འཚོགས་ཏེ། 2022ལོའི་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་དང་རྒྱལ་ཡོངས་ཀྱི་བཟོ་པའི་གདོང་ལེན་པའི་མཚན་སྙན་ཐོབ་མཁན་ལ་གཟེངས་བསྟོད་བྱས་པ་རེད། དེའི་ནང་རང་ལྗོངས་ཀྱི་བོད་ལྗོངས་ལྕགས་ལམ་འཛུགས་སྐྲུན་ཚད་ཡོད་ཀུང་སི་དང་ལྷ་ས་ཡོན་ཏ་ཨར་ལས་རྒྱུ་ཆ་ཚད་ཡོད་འགན་འཁྲི་ཀུང་སི་བཅས་མཉམ་སྡེབ2ལ་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་བསྟོད་ལག་ཁྱེར་སྤྲད་པ་དང་། བསམ་སྐྱིད་སོགས་མི་སྒེར9ལ་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་བསྟོད་རྟགས་མ་སྤྲད་པ། བོད་ལྗོངས་ཁྲང་རུང་ནཱ་ཤིའུ་གོས་བཟོ་ཚད་ཡོད་ཀུང་སིའི་གོས་བཟོ་འཁོར་ཁང་སོགས་མཉམ་སྡེབ་9ལ་རྒྱལ་ཡོངས་ཀྱི་བཟོ་པའི་གདོང་ལེན་པའི་མཚན་སྙན་སྤྲད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོའི་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་དང་རྒྱལ་ཡོངས་ཀྱི་བཟོ་པའི་གདོང་ལེན་པའི་མཚན་སྙན་ཐོབ་མཁན་ཁྲོད་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་བསྟོད་ལག་ཁྱེར་ཐོབ་མཁན200དང་། རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་བསྟོད་རྟགས་མ་ཐོབ་མཁན966། རྒྱལ་ཡོངས་ཀྱི་བཟོ་པའི་གདོང་ལེན་པའི་མཚན་སྙན་ཐོབ་མཁན956བཅས་ཡོད། དེའི་ནང་གཟེངས་བསྟོད་རྟགས་མ35དང་གདོང་ལེན་པའི་མཚན་སྙན་གྱི་མིང་གྲངས་3ཟུར་འགོད་བྱས་ཡོད་པ་དེ། རྒྱལ་ཡོངས་ཀྱི་ལས་བཟོའི་ལས་རིགས་ལག་རྩལ་འགྲན་བསྡུར་ཆེ་མོའི་ནང་རྒྱལ་ཁ་ཐོབ་མཁན་དང་རྒྱལ་ཁབ་ཀྱི་ལས་གྲྭའི་རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་པར་གཟེངས་བསྟོད་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།